38357
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཁྱིམ་པ་ལ་སོགས་པ་བརྙས་ཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོ་བསྐྱུངས་པས་སྒོ་ནས་ཕྱིར་འགྱེད་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཕྱིར་འགྱེད་ནན་གཏུར་ནི། དག་སློང་གང་ཁྱིམ་པ་ལ་མཐོ་འཚམས་པ་དང་། དེས་མཚོན་ནས་དགེ་སློང་དང་། དགེ་སློང་མ་སོགས་སྡེ་ལྔ་པོ་གང་ལ་མཐོ་འཚམས་པས་བརྙས་ཐབས་བྱེད་པ་ལ་དེ་ལས་ཕྱིར་ལྡོག་པའི་ཕྱིར་ལས་ཀྱི་མཐའ་ནི་མ་གཏོང་གི་བར་དུ་དགེ་འདུན་གྱི་མཛའ་གཅུགས་དང་། དགའ་བའི་དངོས་པོ་ལས་ཕྱིར་འགྱེད་པའི་གསོལ་བཞིའི་ལས་བྱེད་པ་ཡིན་ནོ། ། |
| Domain | ཆོས་ལུགས། |