38372

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་འོང་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཙོ་བོར་ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་བརྩོན་ཞིང་འཕགས་ལམ་ཐོབ་ནས་ལས་ཉོན་གྱི་དབང་གིས་སླར་ཡང་འདོད་པར་ཕྱིར་འོང་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཙོ་བོ་ཐ་མའི་ཆ་མཐུན་ལྔ་ཕལ་ཆེར་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འཕགས་པའི་གང་ཟག་ཕྱིར་འོང་ཞུགས་པའི་འཇོག་བྱེད། དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང། འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་གཉིས། དང་པོ་དང་འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དོན་གཅིག གཉིས་པ་དང་མཐོང་ལམ་གྱི་སྔ་རོལ་ཏུ་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་དྲུག་པ་སྤངས་པའི་ཕྱིར་འོང་ཞུགས་པ་གཉིས་དོན་གཅིག
Domain ཆོས་ལུགས།
ཕྱིར་འོང་ཞུགས་པ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་གི་ཡིག་ཆར། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པའི་རབ་ཕྱེའི་གང་ཟག་གོ། དེ་ལ་དབྱེ་ན། འབྲས་བུ་ཐོད་བརྒལ་བའི་ཕྱིར་འོང་ཞུགས་པ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས། དང་པོ་ལ། དབང་རྟུལ་དད་བའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས། འདིའི་ས་མཚམས་སྦྱོར་ལམ་སྟན་ཅིག་པ་ནས་ཡོད། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ལ། དབང་རྟུལ་དད་པས་མོས་པ་དང༌། དབང་རྣོན་མཐོང་བས་ཐོབ་པ་གཉིས། འདིའི་ས་མཚམས་ལམ་རྗེས་ཤེས་ཐོབ་པ་ནས། འདོད་ཉོན་དྲུག་པ་སྤོང་བའི་བར་ན་ཡོད།
ཕྱིར་འོང་ཞུགས་པ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཞུགས་པ་བཞི་པོ་གང་རུང་ཡང་ཡིན། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས། ཕྱིར་འོང་ཞུགས་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་གཉིས་ཡོད།
ཕྱིར་འོང་ཞུགས་པ་ (4)
Part of speech མིང་ཚིག
Definition མངོན་པ། ཞུགས་པ་བཞི་པོ་གང་རུང་ཡང་ཡིན། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཕྱིར་འོང་ཞུགས་པའི་མཚན་ཉིད། གཉིས་པ་དེ་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་གཉིས། དེ་གཉིས་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་བདུན་པའི་ཉོན་མོངས་དྲུག་པ་མ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། དེ་གཉིས་གང་རུང་ཡང་ཡིན། དེའི་སྔོན་དུ་དེ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད།