38406

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིིའི་ཁོར་ཡུག་གི་ལྷ་གཞན་ (1)
Part of speech མིང་ཚིག
Definition གཞན་ཡང་རིའི་ལྷ་རབ་བརྟན་བློ་གྲོས་རིན་པོ་ཆེ་འཛིན་པ། ཤིང་གི་ལྷ་ཀུན་ནས་འོད་ཟེར་ཤིང་ཐོག་ཐོགས་པ། གྲོང་གི་ལྷ་བསོད་ནམས་དགེ་བའི་བློ་གྲོས་རིན་པོ་ཆེ་འབར་བ་འཛིན་པ། ཁྱིམ་གྱི་ལྷ་ཀུན་སྣང་རིན་ཆེན་སྒྲོམ་བུ་འཛིན་པ། ཀུན་དགའ་ར་བའི་ལྷ་ཀུན་ཏུ་སྣང་བའི་བློ་གྲོས་ལྗོན་ཤིང་འཛིན་པ། གནས་ཀྱི་ལྷ་སྣ་ཚོགས་འཁོར་ལོ་འཛིན་པ། དུར་ཁྲོད་ཀྱི་འབྱུང་པོ་དགེ་བ་འཁོར་ལོ་འཛིན་པ། སྐུ་མདོག་གསལ་ཁ་མི་སྣང་ཡང་ལྗང་གུ་བྱས་པས་འགལ་བ་མེད་དོ། །ཕྱོགས་ཀྱི་དམིགས་བསལ་མ་བྱུང་ཡང་དོན་གྱིས་བྱང་དུ་ཐོབ་གསུངས། འབྱུང་བ་བཞིའི་ལྷ་ཕྱོགས་སྐྱོང་བཅུའི་ནང་ཚང་ཡང་། འགའ་ཞིག་ཤར་ལྷོར་མེ་ལྷ་གསལ་བྱེད་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ཆུ་ལྷ་སྡུད་བྱེད་སྦྲུལ་ཞགས། ནུབ་བྱང་དུ་རླུང་ལྷ་གཡོ་བྱེད་བ་དན། འོག་གམ་ནུབ་ཏུ་ས་བདག་ལག་ཆེན་འཁོར་ལོ་འཛིན་པ་ཞེས་བཤད་དོ། །ཡང་དཔེ་ཁ་ཅིག་ན་ཁོར་ཡུག་གི་ནང་དུ་ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཆུང་མ་གཉིས་ཕོ་ཉ་གཉིས་ཁ་མདོག་གསལ་ཁ་མེད་པའི་ལྗང་གུའམ་དཀར་པོ། དེ་བཞིན་དུ་འོག་མ་རྣམས་ལའང་འགྲེས། ལྷོར་རྡོ་རྗེའི་མཆུ་དང་སྤྲིན་གཉིས་སྨུག་པོ། ཡང་ལྷོར་ལྟོ་འཕྱེ་ཆེན་པོ་དཀར་པོ་ཟེར་བའང་འདུག ནུབ་ཏུ་སྤྲིན་གྱི་སྒྲོན་མ་དམར་པོ་དང་གྲུལ་བུམ་ནག་པོ་ཕོ་ཉ་གཉིས་དང་བཅས་པ། བྱང་དུ་ལྷ་དང་ལྷ་མིན་གྱི་དབང་པོ་ཐགས་བཟང་རིས་སྔོན་པོ་འཁོར་ལོ་དང་བཅས་པ་ཟེར་བའང་འདུག དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་ཚངས་པ་ལ་སོགས་པ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །