38690

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱྭ་གཤེན་ཐེག་སྒོའི་དབང་བསྐུར་གྱི་སྣོད་ (1)
Part of speech མིང་ཚིག
Definition བོན། བཀའ་ལྷོ་ཡི་གཏེར་ལུགས་ཀྱི་ཐེག་དགུ་ལས་རྒྱུ་ཐེག་བཞིའི་དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྤྱོད་རྣམས། གདུལ་ཞིང་ལ་ཕན་བདེ་བསྐྱེད་པའི་ཐབས་སུ་མོ་དཔྱད་སོགས་ལག་ལེན་བྱ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། སོ་གྲངས་(དྲང་)དམ་ཚིག་ལེགས་པར་སྲུང་། རྫུན་ཚིག་ལོག་པ་ཀུན་སྤངས་ནས། རྣོ་མཐོང་མོ་ཆའི་བཀའ་རྟགས་འཛིན། རིམ་པས་འགྲོ་བའི་དོན་སྤྱོད་ལ། རྣོ་མཐོང་མོ་དང་དཔྱད་དབང་སྐུར། ཞེས་པས། དེ་ཡང་ཕྱྭ་གཤེན་གྱི་བོན་སྤྱོད་ཀུན་ལ་མཁས་ཤིང་མོ་དཔྱད་སོགས་ཀྱི་ལག་ལེན་བརྟག་ཐབས་ལས་གསལ་བའི་ལེགས་ཉེས་གང་ཡིན་རྣམས། གཡོ་སྒྱུས་བསྙེན་བཀུར་སོགས་ལ་དམིགས་ཏེ་རྫུན་ཚིག་གིས་ལོག་པར་སྟོན་པ་མ་ཡིན་ཞིང་། ཕྱིའི་ཚུལ་ལ་ཡང་མོ་དཔྱད་ཀྱི་བཀའ་རྟགས་ལག་ཏུ་ལེན་ཐབས་ཀྱི་སྤྱད་བྱའི་རྫས་རྣམས་ཚང་བར་འཆང་ཞིང་ནང་དུ་སེམས་བསྐྱེད་དང་ཕན་གནོད་བླང་འདོར་གྱི་དམ་ཚིག་གམ་བསམ་པ་ལྡན་ཞིང་འགྲོ་དོན་ལ་སྤྱོད་པར་ནུས་པའི་གང་ཟག་ཞིག་ཏུ་དགོས་པར་བཤད་དོ། །
Domain ཆོས་ལུགས།