38708
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ གཞན་གྱིས་གནོད་པར་བྱ་བ་དང་བྲལ་བས་ལུས་མི་ཕྱེད་པ་ཐོབ་པ། ༢ གཞན་དག་ལ་ཆགས་པ་མེད་པས་གཡོག་འཁོར་མི་ཕྱེད་པ་ཐོབ་པ། ༣ ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་ཐོབ་པ། ༤ སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་ཐོབ་པ། ༥ མི་སླུ་བས་མཛའ་བཤེས་མི་ཕྱེད་པ་ཐོབ་པའོ། །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་གཡོག་འཁོར་མི་ཕྱེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་དང་བདུད་དང་། ཕས་གྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མི་ནུས་སོ། ། |
| Domain | ཆོས་ལུགས། |