38743

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྲ་རྒྱས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གང་གི་ཕྱིར་ཉོན་མོངས་པ་དེ་རྣམས་རྒྱུད་ལ་རྒྱུ་བ་རྟོགས་དཀའ་བས་རྒྱུ་བ་ཕྲ་བ་དང། ཐོབ་པ་དང་རྗེས་སུ་འབྲེལ་བ་དང། དམིགས་པ་དང་མཚུངས་ལྡན་གཉིས་ཀས་རྒྱས་པར་འགྱུར་བ་དང། བཟློག་ཀྱང་ཡང་ཡང་རྗེས་སུ་འབྲང་ཞིང་མངོན་དུ་གྱུར་པ་དེའི་ཕྱིར་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ཅིའི་ཕྱིར་ཉོན་མོངས་པ་དེ་དག་ལ་ཕྲ་རྒྱས་ཞེས་བྱ་ཞེ་ན། གང་གི་ཕྱིར་ཉོན་མོངས་པ་དེ་དག་སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་རྟོགས་པར་དཀའ་བས་འཇུག་པ་ཕྲ་བའི་ཕྱིར་དང། ཐོབ་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་བ་དང། འབད་མི་དགོས་པར་བཟློག་བཞིན་དུ་རྒྱུད་ལ་ཡང་དང་ཡང་དུ་མངོན་དུ་འགྱུར་བས་རྒྱུན་ཕྱོགས་སུ་རྗེས་འབྲང་བའི་ཕྱིར་ཡང་རྒྱས་པ་སྟེ་དེའི་ཕྱིར་ན་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཕྲ་རྒྱས་

|; |@@@ | | }}

ཕྲ་རྒྱས་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་མཛོད་གནས་ལྔ་པ་ལས། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་སེམས་བྱུང་དུ་དམིགས་པ། ཕྲ་རྒྱས་ཀྱི་མཚན་ཉིད།

{{#arraymap:ཕྲ་རྒྱས་

|; |@@@ | | }}

ཕྲ་རྒྱས་ (3)
Part of speech མིང་ཚིག
Definition སེར་སྨད་རྒྱལ་དབང་མཛོད་ལས། མདོ་སྡེ་པ་ནི། ཉོན་མོངས་པའི་ས་བོན་ནམ། བག་ལ་ཉལ་ལ་ཕྲ་རྒྱས་སུ་འདོད་ལ། སྡེ་པ་གཞན་དག་ནི་ཉོན་མོངས་ཀྱི་ཐོབ་པ་ལའང་འདོད་དོ། །ཞེས་གསུངས། ངེས་ཚིག མཆིམས་མཛོད་ལས། གང་གི་ཕྱིར་ཉོན་མོངས་པ་དེ་དག་(ནི་གཟུགས་ཅན་མ་ཡིན་ཞིང༌།)སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་རྟོགས་པར་དཀའ་བས་འཇུག་པ་ཕྲ་བའི་ཕྱིར་དང༌། ཐོབ་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་བ་དང༌། འབད་མི་དགོས་པར་བཟློག་བཞིན་དུ་རྒྱུད་ལ་ཡང་དང་ཡང་དུ་མངོན་དུ་འགྱུར་བས་རྒྱུན་ཕྱོགས་སུ་རྗེས་སུ་འབྲང་བའི་ཕྱིར་ཡང་རྒྱས་པ་སྟེ་དེའི་ཕྱིར་ན་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། ལུགས་འདིར་ཕྲ་རྒྱས་ཞེས་པ་ནི་ཀུན་དཀྲིས་སམ། ཉོན་མོངས་ཉིད་དུ་འདོད་པ་ཡིན་ལ། ཞེས་དང་། ཕྲ་རྒྱས་དེ་ཡང་སྤྱི་ཙམ་དུ་དབྱེ་ན་དྲུག་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་ཉོན་མོངས་ཅན་དང༌། ཐེ་ཚོམས་ཉོན་མོངས་ཅན་ཏེ་དྲུག་གོ། །ཞེས་གསུངས། གཞན་ཡང། དྲུག་ཏུ་དབྱེ་བ། བདུན་དུ་དབྱེ་བ། བཅུར་དབྱེ་བ། གོ་བརྒྱད་དུ་དབྱེ་བ་ཡོད།

{{#arraymap:ཕྲ་རྒྱས་

|; |@@@ | | }}

ཕྲ་རྒྱས་ (4)
Part of speech མིང་ཚིག
Definition ཉོན་མོངས་པ་ཕྲ་བ་ལས་རྒྱས་པར་བྱེད་པ་སྟེ། རྟོགས་པར་དཀའ་བས་རྒྱུ་བ་ཕྲ་བའི་ཕྱིར་དང་། ཐོབ་པ་དང་རྗེས་སུ་འབྲེལ་བས་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། སྦྱོར་བ་མེད་པས་ཟློག་བཞིན་དུ་ཡང་དང་ཡང་དུ་མངོན་དུ་འགྱུར་བའི་རྗེས་སུ་འབྲང་བ་དེ་ཡི་ཕྱིར་ཕྲ་རྒྱས་སོ། །དེ་ཡང་འཇིག་རྟེན་སྣ་ཚོགས་སྐྱེད་པའི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་གྱུར་པས་སྲིད་པ་མངོན་པར་འགྲུབ་པའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ། །དེས་ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད་དོ། །རྒྱུད་གནས་པར། ཞིང་དུ་སྒྲུབ་པར། རྒྱུ་མཐུན་སྒྲུབ་པར། ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར། རང་གི་ཚོགས་ཡོངས་སུ་འཛིན་པར། དམིགས་པ་ལ་ཀུན་ཏུ་རྨོངས་པར། རྣམ་པར་ཤེས་པའི་རྒྱུན་ཁྲིད་པར། དགེ་བའི་ཕྱོགས་ལས་གཡོ་བར། ཁམས་ལས་མི་འདའ་བའི་ཚུལ་གྱིས་འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ། །ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་ལ་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ཏེ། ཕྲ་རྒྱས་རྣམས་ཀྱིས་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་། སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེའི་ཕྱིར་ལྡན་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱེ་བྲག་སྨྲ་བ་རྣམས་ཀྱིས་ཟེར་ལ། མདོ་སྡེ་པ་ལྟར་ན་ཉོན་མོངས་པ་མངོན་དུ་མ་བྱུང་སྟེ། བག་ཆགས་ཀྱི་ཚུལ་དུ་ཉལ་བ་ནི་ཨ་ནུ་ཤ་ཡ་སྟེ་བག་ལ་ཉལ་ཞེས་བྱ་སྟེ། རྫས་གཞན་མ་ཡིན་པའི་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། དེ་ནི་མངོན་སུམ་དུ་མ་གྱུར་པ་ས་བོན་གྱི་དངོས་པོ་རྗེས་སུ་འབྲེལ་བ་སྟེ། ལུས་གྱི་ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྐྱེད་པའི་མཐུ་ཡིན་ནོ། །དཔེར་ན་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དྲན་པ་བསྐྱེད་པའི་མཐུ། དཔེར་ན་མྱུ་གུ་ལ་སོགས་པ་སཱ་ལུའི་འབྲས་བུ་ལས་བསྐྱེད་པའི་མཐུ་དང་འདྲའོ། །ཞེས་ཟེར། སློབ་དཔོན་དབྱིག་གཉེན་གྱིས་ཕྱི་མ་ལྟར་བཞེད་དེ། མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ་ཞེས་གསུངས་པས་སོ། ། དབྱེ་ན། མདོར་བསྡུ་ན་དྲུག་དང་། དྲུག་ལས་ལྟ་བ་རྣམ་པ་ལྔར་ཕྱེ་ན་བཅུ་དང། ཡང་བཅུ་པོ་དེ་དག་ཁམས་གསུམ་དུ་སྦྱར་ན་དགུ་བཅུ་རྩ་བརྒྱད་དང་། ཕྲ་རྒྱས་དེ་དག་ཉིད་ཀུན་ཏུ་སྦྱོར་བ་དང་། རེག་པ་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་བཤད་དོ། །

{{#arraymap:ཕྲ་རྒྱས་

|; |@@@ | | }}