38837
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག ཞི་རྒྱས་དབང་དྲག་གི་ལས་རྣམ་པ་བཞི་སྟེ། ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། དྲུག་པ་ཕྲིན་ལས་ལའང་བཞི་ལས། དགོས་ཆེད་ནི། ཞི་བའི་ཕྲིན་ལས་ཀྱིས་ཕྱི་རུ་གདུག་ཅིང་གཏུམ་པ་ལ་མ་རུང་པ་རྣམས་དང་། ནང་དུ་རྣམ་པར་རྟོག་པའི་མཚན་མ་ཞི་བར་བྱེད་པའི་དགོོོོོོས་པ་ཡོད། དེ་བཞིན་དུ་རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད། ནང་དུ་ཚེ་དང་བསོད་ནམས། ཉམས་དང་རྟོགས་པ་འཕེལ། དབང་གིས་ཕྱི་རུ་གང་དབང་དུ་བསྡུ་བར་འདོད་པ། ནང་དུ་རང་གི་སེམས་ལ་དབང་ཐོབ། མངོན་སྤྱོད་ཀྱིས་ཕྱི་རུ་དགྲ་བགེགས་དང་། ནང་དུ་ཉོན་མོངས་པ་ཕྲ་རགས་འཇོམས་པའི་དཔའ་ཡོད། ངེས་ཚིག་ནི་ཕྲིན་ལས་བཞི་རང་གཞན་གྱི་དོན་སྒྲུབ་པའི་ཕྲིན་ལས་བྱེད་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |