38844

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་གསོ་བ་རིག་པའི་རྒྱུད་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་མཆན་འགྲེལ་དུམ་བུ་ཞིག་ཡིན། འདི་ནི་ཟེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་དང་། མཁན་ཆེན་ཀུན་དཔལ། ཉེ་གནས་བླ་མ་འོད་གསལ་སོགས་ཀྱིས་ཀུན་མཁྱེན་བླ་མ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་རྩོམ་གང་བཞུགས་རྣམས་བསྡུ་བ་མཛད་དེ། སྤར་བཀོད་སྐབས་སུ་རྒྱུད་བཞིའི་དཀའ་མཆན་འདི་ཡང་། དམ་པ་ཁོང་གི་དངོས་སློབ་དཔལ་སྤུངས་པའི་སྨན་པ་ཆེན་པོ་གཞན་ཕན་མཐའ་ཡས་མཆོག་ནས་རྒྱུད་བཞིའི་ཚིག་མཆན་གང་ཡོད་པ་བསྡུས་ཏེ་གསུང་འབུམ་གྱི་གྲས་བཙུད་དོ། །