38849
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་འཁོར་ཚུལ་དུ་བཞུགས་པའི་ཞི་ལྷ་ལྔའི་ས་བོན་གྱི་ཡིག་འབྲུ་ལྔ་སྟེ། ཨཱོྃ། ཆ། ཅ། ཇ། ཉ། དང་ལྔའོ། །དེ་དག་ནི་རིམ་པ་བཞིན་དུ། དགའ་བ་དོན་འགྲུབ། ཆུ་ཡི་ལྷ་མོ། ལྕེ་རྒྱལ་པར་ཏི། ཁྲུས་ཀྱི་ལྷ་མོའམ་སྐུའི་ལྷ་མོ། བྱམས་པ་གདར་གཅོད་དང་ལྔའི་སྐྱེད་བྱེད་ཀྱི་ས་བོན་ཡིན་ནོ། །སྐྱེད་ཚུལ་ནི། དཀྱིལ་འཁོར་ལྷོ་ཕྱོགས་ཀྱི་དབུས་ཀྱི་ལྟེ་བ་དང་། དེའི་ནུབ། ལྷོ། ཤར། བྱང་གི་པད་མ་རྣམས་ལ་རིམ་བཞིན་དུ། ལྷ་ལྔ་གཙོ་འཁོར་དེ་རྣམས་ས་བོན་ཡིག་འབྲུ་དེ་ལྔ་ལས་ཆུ་ཤེལ་ལག་མཐིལ་དུ་བླངས་པ་ལྟར་བསྐྱེད་པར་གསུངས་སོ། །དགོས་པ་ནི། གཞུང་ལས། སེམས་ཅན་སྒྲིབ་པ་སྦྱང་ཕྱིར་བདག་གིས་གསལ་བར་བསྐྱེད། ཅེས་པ་ལྟར་རོ། ། |
| Domain | ཆོས་ལུགས། |