39036

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བ་ཡན་དགོན་ (1)
Part of speech མིང་ཚིག
Definition བ་ཡན་དགོན་བསྟན་གཉིས་དར་རྒྱས་གླིང་ནི། གྲུབ་མཐའ་གསར་རྙིང་རིས་མེད་ཡིན། དགོན་འདི་ལོ་རྒྱུས་ཐོག་ཨ་སྐྱོང་གོང་མའི་སྟོད་ཤོག་ཚོ་བ་བཅུའི་དགོན་པ་ཡིན་ལ། སྦྲ་དགོན་གྱི་རྣམ་པའི་དབྱར་དུས་སུ་སྟོང་སྐྱབས་རྡོ་ཁ་དང་། དགུན་དུས་སུ་བ་ཡན་རི་ངོས་སོགས་སུ་གནས་སྤོར་ནས་ཡོད། ས་ཁྱི་ཡན་ལ་སྟོང་སྐྱབས་དགོན་དང་ངོ་བོ་གཅིག་ཡིན་མོད་ཀྱང་། ད་ལྟ་འདི་ཉིད་ཨ་སྐྱོང་གོང་མའི་ཇོ་ཟ་སྡེ་བ་དང་། སེར་སྐོར་སྡེ་བ། འབྲོག་སྐོར་སྟོད་སྨད་གཉིས། ཧུ་ར་མ་ཁག་གཅིག་བཅས་ཀྱི་དགོན་པ་ཡིན། མེ་བྱ་ཕྱི་ལོ་ ༡༨༣༧ ལོར་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་བཏབ། མེ་སྟག་ཕྱི་ལོ་ ༡༨༦༦ ལོར་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས། མེ་ཡོས་ཕྱི་ལོ་ ༡༩༢༧ ལོར་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱིས་མཚན་ཉིད་གྲྭ་ཚང་བཙུགས། ལྕགས་འབྲུག་ལོ་ཕྱི་ལོ་ ༡༩༤༠ ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་སྨིན་གླིང་ལུགས་ཀྱི་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་བཙུགས། མེ་བྱི་ཕྱི་ལོ ༡༩༣༦ ལོར་ཀུན་གཟིགས་པཎ་ཆེན་དགུ་པ་ཆེན་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོས་བ་ཡན་སྒར་དགོན་གྱི་བཅའ་ཡིག་སྩལ། དགོན་པ་འདི་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་བསྟན་གྱི་དགོན་པར་ཕུལ་ནས་ཐད་ཀར་བདག་སྐྱོང་བྱེད་པར་ཞལ་བཞེས་གནང་། སྔ་ཕྱིར་གདན་རབས་བཞི་བཅུ་དང་མཁན་རབས་ཉེར་གསུམ་གྱིས་བསྐྱངས། བསྟན་པ་སླར་དར་གྱི་རྗེས་སུ་ཧོར་བའི་བླ་མ་འཇམ་དཔལ་བསྟན་འཛིན་དང་། རྒྱ་ཐོས་བླ་མ་རིག་ལྡན་བཟང་པོ། ཧང་ལེའི་བླ་མ་དགོན་པོ་ནོར་བུ། རྒྱ་ཐོས་བླ་མ་དགེ་ལེགས། བླ་མ་ཆོས་དབྱིངས་རྣམ་རྒྱལ། བླ་མ་པདྨ་བློ་གྲོས། བླ་མ་ལྷ་འབུམ་ཆེ་བ། བླ་མ་སྤྲོས་བྲལ་སོགས་ཇོ་སེར་སྤྱི་དང་འབྲོག་སྐོར་སྟོད་སྨད་སོགས་ཀྱིས་ ཚོགས་ཆེན་གྲྭ་ཚང་དང་། བཤད་གྲྭ། སྒྲུབ་གྲྭ། སྨན་རྩིས་གྲྭ་ཚང་། རྣམ་ཐར་གྲྭ་ཚང་བཅས་བཞེངས། དགོན་འདིར་བྱ་ཟླའི་ཚེས་གསུམ་ནས་སྒྲོལ་མའི་ཆོས་ཐོག་ཟླ་གཅིག་ལྷག་དང་། སྟག་ཟླའི་ཚེས་བཅོ་ལྔ་ནས་དབྱར་གནས། དེ་ནས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཉིན་བདུན། འབྲུག་ཟླའི་སྤྱི་སྲུང་ཆེན་མོ་ལ་མགོན་པོ་ཚོགས་བདག་ཉིན་གསུམ་དང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ཉིན་བདུན། གདུགས་དཀར་ཉིན་བཅུ། སྤྲེལ་ཟླའི་ཚེས་ཉེར་དྲུག་ནས་ཉེར་དགུའི་བར་དགུ་གཏོར། བདུད་འདུལ་ཕུར་པ་དང་། བཀའ་བརྒྱད་བཅས་ཀྱི་བསྒྲུབ་མཆོད་བཙུགས།

{{#arraymap:བ་ཡན་དགོན་

|; |@@@ | | }}