39080

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བ་རི་ལོ་ཙཱ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་མངའ་རིས་སུ་འཁྲུངས། དགུང་ལོ་བཅོ་ལྔའི་ཐོག་ཇོ་བོ་རྗེ་དང་མཇལ། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་ཡིན་ལ། འཁོན་དཀོན་མཆོག་རྒྱལ་པོ་གཤེགས་རྗེས་སུ་གདན་ས་བསྐྱངས། རབ་བྱུང་གཉིས་པའི་ལྕགས་ཡོས་ཕྱི་ལོ ༡༡༡༡ ལོར་སྐུ་གཤེགས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་མ་འོད་ཟེར་ཅན་གྱི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོའི་མདོ། བྱ་རྒྱུད། འཇིག་རྟེན་དབང་ཕྱུག་གི་རྟོགས་པ་བཅས་དང་། བསྟན་འགྱུར་ལས་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ལེའི་སྒྲུབ་ཐབས། རྡོ་རྗེ་གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་བ། ཡོན་ཏན་མ་ལུས་པའི་གནས། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱར། དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས། བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད། དཔལ་བདེ་བ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོར་བཤད་པ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་བཅས་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བཞུགས།

{{#arraymap:བ་རི་ལོ་ཙཱ་བ་

|; |@@@ | | }}