39112
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚིགས་བཅད་ཕྱེད་དེ་རྐང་བ་གཉིས་རེ་སྟེང་ཏུ་བརྩེགས་ཤིང་ཀློག་པའི་ཚེ་རེའུ་མིག་སྟེང་མའི་ཡི་གེ་ཐོག་མ་དེ་དང་བོར་ཀློག དེ་ནས་འོག་མའི་ཡིག་འབྲུ་གཉིས་པ་དང་། དེ་ནས་སྟེང་གི་ཡིག་འབྲུ་གསུམ་པ་བཀླགས་པས་ཡི་གེ་རེ་རེ་བར་ཆོད་དུ་ཡོད་པ་ལས་གཞན་རྣམས་ཡི་གེ་གཟུགས་གཅིག་པ་ཉིད་དུ་འགྱུར་ཞིང་། སྟེང་འོག་འཁྱོག་འགྲོས་སུ་བཀླགས་པས་རྐང་བ་དང་བོ་དེ་ལུགས་འབྱུང་གི་ཚིག་རྐང་གཉིས་པར་འབབ་པ་དང་། རྐང་བ་གཉིས་པ་དེ་ལུགས་འབྱུང་གི་ཚིག་རྐང་དང་བོར་འབབ་པ་ལྟ་བུའི་བྱ་དཀའ་བའི་སྦྱོར་བ་ལ། བ་ལང་གཅིན་གྱི་བྱ་དཀའ་བ་ཞེས་བརྗོད་ཅིང་། དེ་ཡང་བ་ལང་གི་གཅིན་བཏང་བ་ལྟར་ཕར་འཁྱོག་ཚུར་འཁྱོག་གི་རྣམ་པ་ཅན་ལ་དཔེ་བྱས་པས་དེ་ལྟར་དུ་བཏགས། |
Domain | རྩོམ་རིག |
{{#arraymap:བ་ལང་གཅིན་
|; |@@@ | | }}