39196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་མེ་རྟ་ཕྱི་ལོ ༡༦༠༦ ལོར་དབུས་སྟོད་སྤུན་དྲུག་རྫོང་དུ་ཡབ་སྡེ་བ་སྒམ་བུ་དང་། ཡུམ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་ཏུ་བྱུང་། སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་བརྩོན་མཛད། ཉེར་བཞི་པར་རྒྱལ་དབང་ལྔ་པ་ལས་བསྙེན་པར་རྫོགས། ཉེར་དྲུག་པར་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། མཁས་པའི་གྲགས་པ་ཐོབ། རང་དགོན་དུ་ཕེབས། བྱ་ཕུག་མདོ་སྔགས་དར་རྒྱས་གླིང་དང་། རྟ་ཚག་དགོན་པ་སོགས་དགོན་སྡེ་དང་། སྐྱ་སེར་མང་པོའི་བླ་དཔོན་མཛད། དགོན་པ་དང་། སྡེ་བ་ཆོས་སྲིད་གཉིས་ཀྱིས་བསྐྱངས། ཞེ་བཞི་པར་རྒྱལ་དབང་ལྔ་པར་རང་རྣམ་རྩོམ་དགོས་པའི་ཞབས་བསྐུལ་ཞུས། ཞེ་བདུན་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ ༡༦༥༢ ལོར་སྐུ་གཤེགས། གསུང་རྩོམ་ནི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྣམ་བཤད་དང་། རབ་བཏགས་ཀྱི་རྒྱན་བཟང་པོ་ངེས་དོན་སྦྲང་རྩིའི་སྨན་བཅུད། རང་སེམས་སྤྲོས་པ་གཅོད་པའི་རྩ་བའི་རྡོ་རྗེའི་མགུར། བསྐྱེད་རིམ་རྣམ་གཞག་བཅས་ཆོས་ཚན་ང་གཉིས་ལོངས་པའི་བྲིས་མ་པོད་གཉིས་བཞུགས།

{{#arraymap:བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་

|; |@@@ | | }}