39275

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ (1)
Part of speech མིང་ཚིག
Definition སྔགས། མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན། ཇོ་བོ་རྗེ་ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སྟེ། གྲུབ་མཐའ་རིས་མེད་ལ་དར་ཆེ་ཤིང་། དབང་གི་ཆོ་ག་ནི། དགེ་ལུགས་ཕྱོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་མཛད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་ཀྱི་ལེགས་བཤད་དགོངས་རྒྱན། འཇམ་དབྱངས་བདེ་བའི་རྡོ་རྗེས་མཛད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་ལེགས་བཤད་སྒྲོན་མེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོ་ག་ངག་འདོན་གྱི་རིམ་པར་བསྒྲིགས་པ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དཀྱིལ་ཆོག་བཀའ་གདམས་གསལ་བྱེད། བཅས་གང་རུང་གི་སྟེང་ནས་གནང་གི་ཡོད། གྲུབ་མཐའ་གཞན་ཕྱོགས་ལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ཐུགས་རྗེ་རྣམ་པར་རོལ་པའི་རྒྱན། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ནི་རྗེས་དྲན་ལྔ་སྟེ། བླ་མ་རྗེས་སུ་དྲན་པའི་བླ་མའི་རྣལ་འབྱོར། ལུས་ལྷའི་རང་བཞིན་དུ་སྒོམ་པ། ངག་ལ་སྔགས་ཀྱི་བཟླས་བརྗོད་དང་མ་བྲལ་བ། སེམས་ཀྱི་གནས་ལུགས་སྟོང་པ་ཉིད་དུ་སྒོམ་པ་དང་། བྱམས་སྙིང་རྗེ་སྒོམ་པ། དགེ་རྩ་རྫོགས་བྱང་དུ་བསྔོ་བ་བཅས་ཡིན་པས་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་ཡིན།
Domain ཆོས་ལུགས།

{{#arraymap:བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་

|; |@@@ | | }}