39363
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། རྒྱལ་བའི་བཀའ་བར་བ་དང་ཐ་མ་སྟེ། གྷ་རུང་བའི་བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བ་ལས། བཀའ་བར་བར་ཆོས་དབྱིངས་དང་མྱ་ངན་ལས་འདས་པ་རྨི་ལམ་ལྟ་བུ་ཞེས་སོགས་དང་། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་དང་། ཐ་མར་དེ་དག་རྟག་བརྟན་གཡུང་དྲུང་སོགས་སུ་གསུངས་པ་སྒྲ་འགལ་ཡང་དོན་བར་བར་བརྟགས་པ་དང་གཞན་དབང་འདུས་བྱས་ལ་དགོངས་ཤིང་། ཐ་མར་སྟོང་གཞི་ཆོས་ཉིད་དེ་ཉིད་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་རྟག་བརྟན་གཡུང་དྲུང་རང་གི་ངོ་བོས་མི་སྟོང་བའི་གཞན་སྟོང་ཟབ་མོར་གསུངས་ཤིང་། བཀའ་གཉིས་ཀས་ཀུན་རྫོབ་ཐམས་ཅད་རང་སྟོང་དུ་གསུངས་པས་དགོངས་པ་མི་འགལ་ལོ། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། དབུ་མ་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡི། །རང་གི་ངོ་བོ་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་མ་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང་། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །ཞེས་པ་ནས། ཁམས་དེ་ཉམས་པར་བྱེད་མ་ཡིན། །བར་གྱིས་དོན་དམ་པའི་ཤེས་རབ་དང་། མྱང་འདས་དང་། ཁམས་སྙིང་པོ་མ་ཉམས་པར་གཤིས་ལ་གྲུབ་པར་གསུངས་སོ། ། བཀའ་བར་བ་དང་ཐ་མའི་ཁྱད་པར་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་གཞིར་བྱས་ལ་རྣམ་པར་མ་ཕྱེ་བར་ཤེས་བྱ་ཐམས་ཅད་རང་སྟོང་དུ་སྟོན་པ་བར་བ་དང་། ཐ་མ་ཡང་དེ་གཞིར་བྱས་ལ་ངོ་བོ་ཉིད་གསུམ་སོགས་སུ་ལེགས་པར་རྣམ་པར་ཕྱེ་ནས་བསྟན་པའམ་བརྗོད་བྱའི་གཙོ་བོ་བདེ་གཤེགས་སྙིང་པོ་སྒྲས་ཟིན་པའི་སྒོ་ནས་སྟོན་པའི་བཀའ་སྟེ། དགོངས་འགྲེལ་དུ། བར་བ་ལ་སྟོང་པ་ཉིད་སྨོས་པའི་ཞེས་དང་། ཐ་མ་ལ་ལེགས་པར་རྣམ་པར་ཕྱེ་བའི་ཞེས་དང་། འདིར། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས་དང་། ཡང་འདིར་སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས་ཞེས་པས་སོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:བཀའ་བར་ཐ་གཉིས་
|; |@@@ | | }}