39366

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་བརྒྱད་བདེ་གཤེགས་འདུས་པ་ (1)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག་ལ་རྒྱུད་སྡེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དང་། སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་བཞུགས་པ་ལས། སྒྲུབ་སྡེའི་ཕྱོགས་ཀྱི་ཆོས་སྐོར་ཏེ། འདི་ལ་ནང་གསེས་སུ་རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུ་ཐམ་པ་བཞུགས། རྒྱུད་འདི་སྔོན་འོག་མིན་དུ་ཀུན་བཟང་ཧེ་རུ་ཀས་དག་པའི་འཁོར་ལ་རྡོ་རྗེའི་ཚིག་ཏུ་གསུངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་སོགས་ཀྱིས་བསྡུས་ཤིང་གླེགས་བམ་དུ་བཀོད་པ་ཉིད། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེར་གཉེར་དུ་གཏད་པ་ལྟར། མཁའ་འགྲོ་མས་དུར་ཁྲོད་བསིལ་བ་ཚལ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་ཤིང་། ཕྱིས་སུ་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་དང་། སློབ་དཔོན་པདྨ་འབྱུང་གནས་ལ་གཏད། དེ་ནས་སློབ་དཔོན་ཆེན་པོས་བལ་ཡུལ་ཡང་ལེ་ཤོད་དུ་བསྒྲུབས་ཤིང་། བོད་དུ་ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙོས་རྗེ་འབངས་སྙིང་གི་བུ་དགུ་ལ་གདམས་ནས་གཏེར་དུས་སྦས། དེའི་རྗེས་ཆོས་རྒྱལ་ཁྲི་སྲོང་གི་སྐྱེ་ཕྲེང་བཅུ་དྲུག་པ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་གཏེར་ནས་བཞེས་ཤིང་། བདག་ཉིད་ཆེན་པོ་དེ་ལས་བཀའ་གཏེར་གྱི་ཆུ་བོ་གཅིག་འདྲེས་སུ་བརྒྱུད་པའི་སྨིན་གྲོལ་གྱི་རྒྱུན་བཟང་ད་ལྟའང་བཞུགས། འདིའི་སྐོར་གྱི་ལོ་རྒྱུས་ཧ་ཅང་རིང་བས། རྒྱས་པར་སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་དང་། གསང་སྔགས་ལུང་གི་བང་མཛོད་སོགས་ཉང་གཏེར་བདེ་གཤེགས་འདུས་པའི་ཆོས་སྐོར་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་བཀའ་བརྒྱད་རྣམ་བཤད་བཅས་ལ་གཟིགས།

{{#arraymap:བཀའ་བརྒྱད་བདེ་གཤེགས་འདུས་པ་

|; |@@@ | | }}