39367

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་ཚན་བརྒྱ་དང་སོ་ལྔ་ (1)
Part of speech མིང་ཚིག
Definition བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་ཚན་བརྒྱ་དང་སོ་ལྔ་ནི། སྔར་རྒྱ་གར་དུ་སྤྱི་རྒྱུད་སྒོས་རྒྱུད་ཡན་ལག་རྒྱུད་དག་ཏུ་བགྲང་སྲོལ་ཡོད་པ་ལས་ཕྱིས་བོད་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་འབངས་སྙིང་གི་བུ་དགུར་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་སྐབས་རྒྱུད་ལུང་མན་ངག་གི་ཆོས་སྐོར་གསུམ་དུ་ཕྱེ་བ་དེར། སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ། ལུང་ལྔ་སྟེ་རྒྱུད་ལུང་ཉི་ཤུ་དང་། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ལ་ཆོས་ཚན་ཉི་ཤུ་དང་། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་ལའང་། ཞི་བའི་སྒྲུབ་ཐབས་ལ་ཆོས་ཚན་སུམ་ཅུ་དང་། ཁྲོ་བོ་ལ་སུམ་ཅུ་རྩ་ལྔ་བཅས་དྲུག་ཅུ་རེ་ལྔ་དང་། གསང་བ་ཉམས་ལེན་གསལ་བྱེད་ཀྱི་ཆོས་ཚན་ཉི་ཤུ་རྩ་ལྔ་སྟེ། འདི་ཡན་ཆད་ལ་རྒྱུད་ལུང་མན་ངག་གི་ཆོས་ཚན་བརྒྱ་དང་སུམ་ཅུར་བཞུགས་ལ། དེའི་སྟེང་། སྒྲུབ་བྱ་ཞི་ཁྲོ་གཉིས་དང། རྒྱུད་ལུང་མན་ངག་སྐོར་གསུམ་སྟེ། བསྡོམས་པས་ཆོས་ཚན་བརྒྱ་དང་སོ་ལྔའོ། །འདི་ནི་ཆོས་རྒྱལ་ཉིད་ཀྱིས་ཞུས་པའི་རྒྱུད་མ་བུ་བཤད་འགྲེལ་དང་བཅས་པ། ཕྲིན་ལས་ལག་ལེན་དང་བཅས་པ། ལས་ཁ་ཚར་གདམས་པ་དང་བཅས་པའི་ཆོས་ཡིན་པས། སྐུ་ཚེ་འདི་ལ་ཉམས་སུ་མ་ལོན་ཀྱང་དབང་གི་ནུས་པ་དང་བྱིན་རླབས་ཀྱིས་སྐུ་ཚེ་ཕྱིར་བསྲིང་བར་གྲགས། དེ་དག་ཏུ་རྒྱུད་ཀྱི་སྐོར་རྣམས་འོག་མིན་ཏུ་ཀུན་བཟང་ཧེ་རུ་ཀས་གསུངས་པ་དང་། ལུང་ལྔ་པོ་དེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་ཡིན་ལ། དེ་མིན་གཞན་མན་ངག་གི་སྐོར་དག་ཕལ་ཆེ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་བྱང་འཁོད་པ་དང་གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ་དང་། ལོ་ཆེན་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་སྟེ། མཁས་པ་མི་བཞི་སོ་སོ་དང་བཞི་ཀའི་མཛད་བྱང་འཁོད་པ་འགའ་ཞིག་དང་ཆོས་རྒྱལ་ཉིད་ཀྱི་མཛད་པའང་སྣང་། དེ་དག་ཀུན་ཀྱང་ལོ་ཆེན་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གིས་བསྒྱུར་བ་དང་ཡི་གེར་བཏབ་པ་དང་། ཡང་མཇུག་བྱང་འགའ་ཞིག་ཏུ་ཨ་ཙ་ར་ཡེ་ཤེས་འོད་ཀྱིས་ཡི་གེར་བཀོད་པའང་གསལ། རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུ། ཞེས་པར་ཡང་གཟིགས།

{{#arraymap:བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་ཚན་བརྒྱ་དང་སོ་ལྔ་

|; |@@@ | | }}