39376
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བཀའ་བརྒྱུད་བཀྲ་ཤིས་སྐུ་འཁྲུངས་ཡུལ་ལ་ཕྱི་གཉིས་པ་གནས་ཆེན་ཆབ་བྲག་དཀར་པོའི་མདུན་ལུང་ཆབ་བསྟི་ཁ། ཐབས་ཤེས་ཀྱི་རང་བྱོན་བཀྲ་བའི་ཞོལ། ཡབ་མེས་ཀྱི་མཚེར་ས་གྲོང་ཡུ་འགྱིང་ཁུག་དེར། གདུང་རུས་ཆབ་བསྟི་ལྷ་བཟོ་ཡིན་ཞིང། ཡབ་ལྷ་བཟོ་རྒྱལ་སྐྱིད་དང། ཡུམ་ཕྱག་མཛོད་བཟའ་དགེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ་ ༡༨༧༩ ལོར་བཀྲ་ཤིས་ཞིང་ངོ་མཚར་བའི་ལྟས་བཟང་པོ་བཅས་སྐུ་བལྟམས། གདན་ས་འདིར་སྐྱོ་བྲག་གསལ་བསྟན་དུང་གསུམ་མདུན་གཙུག་ཕུད་ཕུལ་ཞིང་འཚོགས་སུ་ཞུགས། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེའི་ཞལ་མཇལ་བའི་མོད་ལ་སྔོན་གྱི་ལས་འཕྲོ་སད། ཐུན་མོང་མ་ཡིན་པའི་དད་གུས་ཀྱིས་ཞབས་པད་ཡུན་དུ་བསྟེན་ཞིང། ཐོས་སྒོམ་སྟབས་གཅིག་གིས་ཉམས་བཞེས་མཛད། ཁྱད་པར་རྒྱལ་བ་འབའ་རོམ་པའི་ཆོས་བསྐོར་ལ་དད་མོས་ཆེ་བ་དང། སྔོན་ལས་སད་སྟོབས་ཀྱིས་བླ་མ་ལ་ཞུ་བསྐུལ་ཕུལ་བ་དང། བླ་མས་ཀྱང་རྟེན་འབྲེལ་དུས་བབས་མཁྱེན་ནས་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་གསོའི་མཛད་བཟང་གནང་བ་ལ་བརྟེན་ནས་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་སྐོར་བཞུགས་པ་རྣམས་འཚོལ་བསྡུ་དང། ལྷག་པར་ཉེ་བརྒྱུད་ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་བའི་ཐབས་གྲོལ་གདམས་པ་ཁྱད་པར་ཅན་སོགས་བཀའ་དྲིན་བསྩལ་བའི་དབང་ཁྲིད་ལུང་རྣམས་ཉམས་བཞེས་ཚད་ལྡན་གནང་བས་མཆོག་གི་དངོས་གྲུབ་བརྙེས། རླུང་ཁུག་རེ་ལ་ཉིན་ཞག་ཕྲུགས་གཅིག་ཏུ་བཞུགས་པ་ལན་མང་མཛད། གཡང་ལ་མཆོང་ཞིང་རི་བྲག་ཐམས་ཅད་ལ་ཤེས་པ་བསྲེས་ཏེ་རི་འགུལ་ཞིང་གཡོ་བ་དང། ཤིང་ཐམས་ཅད་འགུལ་སྤྱོད་སོགས་གང་འདོད་བསྒྱུར་བ་དང། ཡང་ཉིང་འཁྲུལ་སྐབས་སྔོན་གྱི་ཐུགས་བག་ཕྱག་ན་རྡོ་རྗེ་ཡིན་སྙམ་ཁྲོ་ཆས་ཕྱག་མཚན་སོགས་གསལ་བར་གྱུར་ཅིང་འཁོར་རྣམས་ལ་ལྟ་བའི་མགུར་གསུངས་པ་དང། ཌོམ་བྷི་ཧེ་རུ་ཀ་ཡིན་སྙམ་སྟག་ལ་ཞོན་ནས་ནམ་མཁར་བགྲོད་ཅིང་སྤྱོད་ལམ་ཡང་དེ་ལྟར་མཛད་པའི་རྗེས་དྲན་དང་ཉམས་མགུར་གསུངས་པ། ཡང་ནམ་མཁར་འཕུར་ཏེ་རི་ཡི་རྩེ་མོར་བབ་པས་ཤར་ཕྱོགས་བླ་མ་བཞུགས་པའི་ས་ཕྱོགས་མཐོང་བས་ཡིད་སྐྱོ་ཞིང་མོས་གུས་ཆེར་སྐྱེས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་སྐུ་མཁར་གྱི་རི་རྩེ་ནས་སྤྲིན་དཀར་པོ་ལིང་ངེ་འདུག་པའི་སྣེ་དར་ཡུག་བརྐྱང་པ་ལྟ་བུའི་ལམ་ནས་རྗེ་དེ་ཉིད་སེང་གེ་དཀར་མོ་སྲབ་མེད་པ་ཞིག་ལ་ཆིབས་ནས་སྟེང་གི་ནམ་མཁར་བྱོན་པ་དང་མཇལ་བས་སྐུ་ཡིི་དཀྱིལ་འཁོར་ལས་དབང་བཞི་ཆིིག་རྫོགས་སུ་བྱུང་བའི་མཐར་སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་བུད་པའི་ཉམས་ངོ་མཚར་བ་སོགས་མང་དུ་བཞུགས་པ་ལས་ཟུར་ཙམ་བཀོད་པའོོ། །བརྒྱུད་འཛིན་གྱི་སློབ་ཚོགས་རིམ་གཉིས་ཀྱི་རྣལ་འབྱོར་ཕོ་མོ་གྲངས་མང་བྱོན་པའི་ནང་ནས་ཁྱད་པར་ཐུགས་ཀྱི་སྲས་མཆོག་ཕྲིན་ལས་སྤེལ་བའི་བྱེད་པོ་ཀརྨ་བློ་གྲོས་མཐར་ཕྱིན་ནམ་རྣལ་འབྱོར་འཇིགས་བྲལ་དབང་པོ་དང་འཇམ་དབྱངས་བློ་གྲོས་རིན་ཆེན་གཉིས་ཡིན་ནོ། ། |
{{#arraymap:བཀའ་བརྒྱུད་བཀྲ་ཤིས་
|; |@@@ | | }}