39791
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྒོ་ལྔའི་རྣམ་ཤེས་ཡུལ་ལ་འཇུག་སྐབས་གནས་རྣམ་པ་གསུམ་དུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། འདི་ལ་བག་ཆགས་ཀྱི་གནས་ཞེས་པ་སྒོ་ལྔས་ཡུལ་བཅད་དེ་ཡུལ་དང་ཤེས་པ་གཉིས་ཀ་འགགས་ནས་ཀུན་གཞི་ལ་བག་ཆགས་བསགས་པའི་རྒྱུ་བྱས་པས་སྔར་མེད་པ་ལས་ཡོད་པར་གྱུར་ཏེ། ཕྱིས་ཀྱི་རྒྱུན་གཞན་ཡང་སྐྱེད་པར་བྱེད་པ་ནི་བག་ཆགས་ཀྱི་གནས་སོ། འདི་ལ་ས་བོན་གྱི་གནས་ཞེས་ཀྱང་ཟེར། |
| Domain | ཆོས་ལུགས། |