39826
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། བདུན་གསུམ་ཞེས་པ་ཟླ་བ་དག་གི་ཚེས་བདུན་དང་། བཅུ་བདུན། ཉེར་བདུན་བཅས་ལ་ཟེར་ཞིང་། ཚེས་དེ་དག་ཏུ་བག་མ་གཏོང་ལེན་བྱས་ན་ཡུགས་སར་འབབ་པས་སྤང་དགོས། གནམ་སྒོ་འདིའི་སྒྲིབ་བཅོས་ལ་བཻ་དཀར་ལས། བདུན་གསུམ་བག་སྒོ་སྒྲིབ་པ་ན། །རྒན་མོ་ཅིག་ལ་ཆས་བཟང་གཡོགས། །ཁ་རུ་བག་ཟན་བྲ་ཟན་སྟེར། །མི་ཁ་བྲལ་ལ་གཞལ་བ་འདེབས། །དག་པ་གསེར་གྱི་མདོ་ཐིག་འདོན། །ཞེས་གསུངས། |
Domain | རྩིས་རིག |
{{#arraymap:བག་མའི་གནམ་སྒོ་
|; |@@@ | | }}