39829
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བུ་མོ་བག་ལ་འགྲོ་དུས་ངན་པ་ལྡིང་ནག་ཀླུང་ནག་ཅེས་བྱ་བའི་ནང་གསེས་ཤིག་སྟེ། འདི་ལ་ཡང་མོས་ཁྱོ་མནན་དང་། ཕྱིས་མནན། སྤར་མནན། སྨེས་མནན། ཟླས་མནན་བཅས་རྣམ་པ་ལྔ་ཡོད་ཅིང་། དེ་དག་ལས་མོས་ཁྱོ་མནན་ནི་མག་པའི་ཕ་ལོ་དང་། དེས་བག་མ་ལེན་དུས་ལོ་བཅས་གསུམ་པོ་གཅིག་དུས། ཕྱིས་མནན་ནི་ཁྱོ་ཀ་སྐྱེས་དུས་ཀྱི་མའི་ལོག་མེན་དང་། བག་མ་བྱེད་དུས་ཀྱི་ཆུང་མའི་ལོག་མེན་གཉིས་གཅིག་དུས། སྤར་མནན་ནི་ཁྱོ་ཀའི་སྐྱེས་སྤར་སྟེང་དུ་བག་བྱེད་ལོའི་ཆུང་མའི་བབས་སྤར་བབས་དུས། སྨེས་མནན་ནི་ཁྱོ་ཀ་སྐྱེས་དུས་ཀྱི་མའི་བབས་སྨེ་དང་བག་བྱེད་ལོའི་ཆུང་མའི་བབས་སྨེ་གཅིག་དུས། ཟླས་མནན་ནི་མག་པས་བག་མ་བསུ་ཟླ་རང་གི་སྐྱེས་ཟླ་ཡིན་དུས་བཅས་ཡིན། དུས་དེ་དག་ཏུ་བག་མ་བླངས་ན་གྲིར་འཆིའམ་ན་ཚ་མོད། ནོར་ཆུང་ཞིང་བུ་ཚ་གསོ་དཀའ་བར་བཤད། |
Domain | རྩིས་རིག |
{{#arraymap:བག་མས་ཁྱོ་ཀླུང་མནན་པ་
|; |@@@ | | }}