From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བཏང་སྙོམས་ (1)
| Part of speech
|
མིང་ཚིག
|
| Definition
|
ཉེ་དགའ་ཕྱོགས་ལྷུང་མེད་པའི་བར་མ་ལ་ཟེར།
|
| Example
|
སྔར་གྱི་ཞེ་འཁོན་རྣམས་རེ་ཞིག་བཏང་སྙོམས་སུ་བཞག་ལྟ་བུ།
|
བཏང་སྙོམས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། བཏང་སྙོམས་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་སེམས་རྣལ་དུ་འདུག་པའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། བཏང་སྙོམས་ནི་སེམས་བྱིང་རྒོད་དང་བྲལ་བའི་རྣལ་དུ་འདུག་པ་སྟེ། དབྱེ་ན་ཐོག་མར་རེས་འགའ་བྱིང་རྒོད་འབྱུང་བའི་མཉམ་པ་ཉིད་དང། བར་དུ་དོགས་པ་ཡོད་ཀྱང་མི་འབྱུང་བའི་རྣལ་དུ་གནས་པ་དང། ཐ་མར་དོགས་པའང་མེད་པའི་ལྷུན་གྱིས་གྲུབ་པ་གསུམ་མོ། །ལས་ནི་ཟག་པ་རྣམས་ཀྱི་སྐབས་མི་འབྱེད་པའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
བཏང་སྙོམས་ (3)
| Part of speech
|
མིང་ཚིག
|
| Definition
|
ནང་དུ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པའི་ཐབས་རྣམས་ལ་བརྟེན་ནས་སེམས་གནས་དགུ་རིམ་གྱི་བསྒྲུབས་ཏེ། སེམས་གནས་དགུ་པ་ཐོབ་པའི་ཚེ་བྱིང་རྒོད་ཀྱི་གཉེན་པོ་བསྟེན་པའི་རྩོལ་བ་བྱ་མི་དགོས་པར་སེམས་ལྷུན་གྱིས་གྲུབ་པར་གནས་པ་ཐོབ་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། བཏང་སྙོམས་གང་ཞེ་ན། མ་ཆགས་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་མི་མཐུན་པ། སེམས་མཉམ་པ་ཉིད་དང། སེམས་རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ། ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ནོ། །དེས་ན་སྤྱིར་བཏང་སྙོམས་ལ། འདུ་བྱེད་བཏང་སྙོམས། ཚོར་བ་བཏང་སྙོམས། ཚད་མེད་བཏང་སྙོམས་དང་གསུམ་ལས། འདི་ནི་འདུ་བྱེད་བཏང་སྙོམས་སོ། །
|
བཏང་སྙོམས་ (4)
| Part of speech
|
མིང་ཚིག
|
| Definition
|
དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག སེམས་བྱིང་རྒོད་དང་བྲལ་བའི་རྣལ་དུ་འདུག་པ་ཞིག་ཏེ། དབྱེ་ན་ཐོག་མར་རེས་འགའ་བྱིང་རྒོད་འབྱུང་བའི་མཉམ་པ་ཉིད་དང་། བར་དུ་དོགས་པ་ཡོད་ཀྱང་མི་འབྱུང་བའི་རྣལ་དུ་གནས་པ་དང་། ཐ་མར་དོགས་པའང་མེད་པའི་ལྷུན་གྱིས་གྲུབ་པ་གསུམ་མོ། །དེའི་བྱེད་ལས་ནི་ཟག་པ་རྣམས་ཀྱི་སྐབས་མི་འབྱེད་པའོ། །
|
བཏང་སྙོམས་ (5)
| Part of speech
|
མིང་ཚིག
|
| Definition
|
ཚངས་པའི་གནས་པ་བཞིའི་ནང་གསེས། སེམས་ཅན་རྣམས་ལ་ཉེ་རིང་མེད་པར་སྙོམས་པ་ཆགས་སྡང་གི་གཉེན་པོའོ། །
|
བཏང་སྙོམས་ (1)
| Part of speech
|
གྲངས་ཚིག
|
| Definition
|
གྲངས་གནས་དྲུག་ཅུའི་ནང་གི་ང་བརྒྱད་པ་སྟེ་དགའ་བ་ཆེན་པོ་བཅུའོ། །
|