40596

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདག་ཉིད་ཆེན་པོ་དྷརྨ་པཱ་ལ་རཀྵི་ཏ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་འབྲུག་ཕྱི་ལོ ༡༢༦༨ ལོར་དཔལ་ལྡན་ས་སྐྱའི་གནས་དྲུག་ལྷ་ཁང་དུ་ཡབ་འགྲོ་མགོན་ཕྱག་ན་རྡོ་རྗེ་དང་། ཡུམ་མཁའ་འགྲོ་འབུམ་གཉིས་ཀྱི་སྲས་འཁྲུངས། དགུང་ལོ་དགུ་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས། དབང་རྒྱུད་མན་ངག་སོགས་ཐུགས་སུ་ཆུད་པར་མཛད། བཅུ་གཅིག་པར་བརྟག་གཉིས་གསུངས། ཚོགས་སུ་ཐུགས་བསྐྱེད་ངོ་མཚར་དུ་གྱུར། བཅུ་གསུམ་པར་ས་སྐྱའི་གདན་སའི་འགན་ཁུར་བཞེས། ནང་རྟེན་ལྷ་ཆེན་དཔལ་འབར། ཕྱི་རྟེན་གསེར་འབུམ་ཆེན་མོ། ལྷ་ཁང་འདེབས་བྲིས། བླ་བྲང་སོ་སོར་སྐུ་འདྲ་དུ་མ་དང་། སྐུ་ཚད་བཅུ་གསུམ་སོགས་མང་དུ་བཞེངས། དུས་མཆོད་ཆད་མེད་འཛུགས་པ་སོགས་བྱ་བ་རྒྱ་ཆེན་མཛད། བཅུ་བཞི་པར་སེ་ཆེན་གོང་མའི་ཕོ་བྲང་དུ་བྱོན། གོང་མ་དང་ལྷན་ཆོས་མཐུན་གྱི་གསུང་གླེང་མཛད། རྒྱལ་པོ་མཉེས་ཤིང་དད་པར་གྱུར། ཏཱི་ཤྲཱིའི་གོ་གནས་གནང་། གོང་མའི་ཕོ་བྲང་དུ་ལོ་ལྔར་བཞུགས། ཤེལ་གྱི་མཆོད་རྟེན་འཕགས་པའི་གདུང་རིང་བསྲེལ་བཞུགས་པ་དེ་བསྐྲུན། གཙུག་ལག་ཁང་ཆེན་པོ་ཡང་བཞེངས། ཕྱིས་བོད་དུ་ཕེབས་སྐབས་རབ་བྱུང་ལྔ་པའི་མེ་ཕག་ཕྱི་ལོ ༡༢༨༧ ལོར་མདོ་ཁམས་པྲེ་མཎྜལ་དུ་སྐུ་གཤེགས། ཡོན་རྒྱལ་གོང་མ་སེ་ཆེན་རྒྱལ་པོའི་དབུ་བླ་སྟེ། ཏཱི་ཤྲཱི་གསུམ་པ་ཡིན།