40633
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། བདག་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབ་པའི་ཚུལ་ལ། བསང་བ། སྦྱང་བ། བསྐྱེད་པ། བྱིན་གྱིས་བརླབ་པའི་ཚུལ་དང་བཞི་ལས། དང་པོ་བསང་བ་ནི། ལས་སྔགས་ངག་ཏུ་བརྗོད་ཅིང་སྔགས་དོན་དྲན་པའི་སྒོ་ནས་བྱིན་གྱིས་བརླབས་པའི་ནང་མཆོད་མཐེབ་སྲིན་གྱིས་བླངས་ཏེ་མཆོད་རྫས་རྣམས་ལ་འཐོར་བས། མཆོད་རྫས་ལ་གནས་པའི་བགེགས་དང་མ་དག་པ་རྣམས་སེལ་བར་བྱེད་པ་ནི་བསང་བའི་དོན་དང་། གཉིས་པ་སྦྱང་བ་ནི། ཤཱུ་ནྱ་ཏཱའི་སྔགས་ངག་ཏུ་བརྗོད་ཅིང་སྔགས་དོན་དྲན་པའི་སྒོ་ནས་མཆོད་རྫས་རྣམས་ངེས་ངོར་སྟོང་ཉིད་ངེས་ཤིང་། སྣང་ངོར་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མོས་པ་ནི་སྦྱང་བའི་དོན་དང་། གསུམ་པ་བསྐྱེད་པ་ནི། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་པ་ཁྱད་པར་ཅན་སྟེར་ནུས་སུ་སྐྱེད་པར་བྱེད་པ་ཡིན་ནོ། །བཞི་པ་བྱིན་གྱིས་བརླབ་པའི་ཚུལ་ནི། མཆོད་རྫས་རྣམས་ཀྱི་མིང་སྔགས་དང་ཡི་གེ་འབྲུ་གསུམ་སྤེལ་བ་ངག་ཏུ་བརྗོད་པའི་སྒོ་ནས་བྱིན་གྱིས་བརླབ་པ་ཡིན་ལ། མཆོད་རྫས་རྣམས་ཀྱི་མིང་ཡིག་དང་ཡི་གེ་འབྲུ་གསུམ་སྤེལ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། ཡི་གེ་འབྲུ་གསུམ་པོ་དེ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པས། མཆོད་རྫས་རྣམས་ཀྱང་རྡོ་རྗེ་གསུམ་དང་མ་བྲལ་བ་ཞིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། |
| Domain | ཆོས་ལུགས། |