40647
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རང་རྒྱུད་པ་མན་ཆད། སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་བདག་མེད་པ་ཞེས་པ་ནི་ཁྱད་གཞི་སྡུག་བསྔལ་བ་དེ་རང་དབང་བའི་བདག་གི་ངོ་བོར་མེད་པ་སྟེ་རང་རྐྱ་ཐུབ་པའི་བདག་གི་ངོ་བོར་མེད་པ་ལ་བརྗོད་དེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས། གསུམ་པ། བདག་མེད་པའི་རྣམ་པ་ནི། རང་གི་ངོ་བོ་བདག་རང་དབང་བ་མིན་ཏེ། མི་རྟག་པ་དང་གཞན་དབང་ཅན་ཡིན་པའི་ཕྱིར་ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |