40652
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ འཛིན་པ་ལ་སོ་སོར་རྟོག་པ་ནི་བསྟན་པ། བདག་མེད་པའི་ཤེས་པ་དེ་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་ཉིད་དང་དེས་ཀུན་བརྟགས་པ་དང་བྲལ་བ་ཉིད་དང༌། མཚན་ཉིད་མེད་པ་ཉིད་དང༌། སྐད་ཅིག་མ་ཉིད་ཀྱིས་བཏང་བར་བྱ་བ་ཡིན་པར་སོ་སོར་རྟོག་པ་གང་ཡིན་པའོ། ། ༢ ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་ཡོངས་སུ་བསྟན་པ། གཟུང་བ་དང་འཛིན་པ་ལ་ཡོངས་སུ་རྟོག་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དག་ཡིད་ལ་བྱས་པའི་རྒྱུས་སོ་སོ་རང་རིག་པ་དང་མཐུན་པའི་ཤེས་པ་ངེས་པ་སྐྱེས་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |