40814

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདུད་བཞི་ (1)
Part of speech མིང་ཚིག
Definition མདོ། ཕྱོགས་བཅུའི་མུན་སེལ་ལས། བདུད་བཞི་ནི། ཚེ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལྷའི་བུའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཐར་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདུད་བཞི་

|; |@@@ | | }}

བདུད་བཞི་ (2)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་ཕུང་པོ་དང་ཉོན་མོངས་དང། འཆི་བ་དང་ལྷའི་བུའི་བདུད་རྣམས་ལ་སྐབས་འདིར་བདུད་བཞི་ཞེས་འཇོག བདུད་བཞིའི་ངོ་བོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དགྲ་བདུད་བཞིའི་རྣམ་བཞག་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་གཉིས། བདུད་བཞི་རགས་པའི་རྣམ་གཞག་དང། ཕྲ་མོའི་རྣམ་གཞག་གོ ། དང་པོ་ལ་བཞི། བདུད་བཞིའི་ངོ་བོ། བདུད་བཞི་འཇོག་པའི་རྒྱུ་མཚན། སྒྲ་དོན། བཅོམ་པའི་ས་མཚམས་སོ། །དང་པོ་ཡོད་དེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེ་ཕུང་པོའི་བདུད་རགས་པ་དང། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་པའི་བདུད་རགས་པ་དང། ལས་ཉོན་གྱིས་སྲོག་གི་དབང་པོ་རང་དབང་མེད་པར་འགག་པའི་ཆ་འཆི་བདག་གི་བདུད་རགས་པ་དང། ལྷའི་བུ་དགའ་རབ་དབང་ཕྱུག་དེ་ལྷའི་བུའི་བདུད་རགས་པ་ཡིན་ཏེ། ཉན་ས་ལས། དེ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིགས་དེ་དང་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་ཕུང་པོ་དང། ཉོན་མོངས་པ་དང་འཆི་བདག་གི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་རྣམ་པར་གཡེང་བ་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་ནི་ལྷའི་བུའི་བདུད་ཅེས་བྱའོ། །ཞེས་དང། བདུད་བཞི་འཇོག་པའི་རྒྱུ་མཚན་ནི། གང་འཆི་བའི་དབང་དུ་བྱས་ནས་ཕུང་པོའི་བདུད་དང། གང་གིས་འཆི་བའི་དབང་དུ་བྱས་ནས་ཉོན་མོངས་པའི་བདུད་དང། འཆི་བ་རང་གི་ངོ་བོའི་དབང་དུ་བྱས་ནས་འཆི་བདག་གི་བདུད་དང། འཆི་བ་ལས་འདའ་བ་ལ་གེགས་བྱེད་པའི་དབང་དུ་བྱས་ནས་ལྷའི་བུའི་བདུད་བཞག་པའི་ཕྱིར། ཞེས་གསུངས།

{{#arraymap:བདུད་བཞི་

|; |@@@ | | }}

བདུད་བཞི་ (3)
Part of speech མིང་ཚིག
Definition བདུད་བཞི་དེ་དག་གི་ངོ་བོ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་གྱི་ལས་ཉོན་ནོ། །འཆི་བདག་གི་བདུད་ནི་རང་དབང་མེད་པར་སྲོག་འགག་པའོ། །ལྷའི་བུའི་བདུད་ནི་གཞན་གསུམ་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པར་བྱེད་པ་འདོད་ལྷའི་རིས་སུ་གཏོགས་པའོ། །ཅིའི་ཕྱིར་བདུད་ཅེས་བྱ་ཞེ་ན། འཆི་བ་མེད་པའི་མྱང་འདས་ཀྱི་གོ་འཕང་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་ཏེ། བཞིར་ཕྱེ་བ་ནི། བསྡུ་བ་ལས་རིམ་པ་ལྟར་གང་འཆི་བ་དང་། གང་གིས་འཆི་བར་བྱེད་པ་དང་། འཆི་བའི་ངོ་བོ་གང་ཡིན་པ་དང་། འཚོ་བ་ལས་འདའ་བ་ལ་གེགས་བྱེད་པའི་དབང་དུ་བྱས་ནས་བཞིར་བཤད་དོ། །ཡང་ན་སྲོག་ཡུན་རིང་དུ་གནས་ཏེ་ཟག་མེད་ཀྱི་ཡོན་ཏན་ཁྱད་པར་ཅན་བསྒྲུབས་ནས་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ལ་རིམ་པ་ལྟར་འཆི་བདག ལྷའི་བུ། ཉོན་མོངས་པ། ཕུང་པོའི་བདུད་ཀྱིས་གེགས་བྱེད་པའི་དབང་དུ་བྱས་ནས་བཞིར་བསྟན་ཏོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །

{{#arraymap:བདུད་བཞི་

|; |@@@ | | }}

བདུད་བཞི་ (4)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ཡང་ཐེག་པ་ཐུན་མོང་ལྟར་ཁས་ལེན་ཞིང་ལྷག་པོར་བཤད་པ་ནི། ལུས་ཀྱི་ཐིག་ལེའི་སྒྲིབ་པ་ནི་ཕུང་བོའི་བདུད་དང་། ངག་གི་ཐིག་ལེའི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་དང་། ཡིད་ཀྱི་ཐིག་ལེའི་སྒྲིབ་པ་ནི་འཆི་བདག་གི་བདུད་དང་། བཞི་པའི་ཐིག་ལེའི་སྒྲིབ་པ་ནི་ལྷའི་བུའི་བདུད་དོ། །དེ་དག་ཀྱང་གནས་སྐབས་བཞིའི་མཚན་ཉིད་ཅན་ཡིན་ཞིང་། སད་པའི་གནས་སྐབས་ཀྱི་སྣོད་བཅུད་དུ་སྣང་བ་ནི། ལུས་ཀྱི་ཆོས་རྣམས་ཕུང་སོགས་ཀྱི་དངོས་པོ་རགས་ཤོས་ཡིན་པའི་ཕྱིར་དང་། གང་ཉོན་མོངས་པ་རྣམས་ཀྱི་དམིགས་པའི་ཡུལ་ནི། ཡིད་ངོས་སྣང་བའི་ཕུང་སོགས་ཕྲ་བ་ཡིན་ཞིང་། དེ་ཉིད་རྨི་ལམ་གྱི་གནས་སྐབས་དང་འབྲེལ་བ་དང་། ཐིག་ལེ་རླུང་གིས་སྐྱོད་པ་ལས་སྣང་བའམ་བརྗོད་འདོད་ཀྱི་རྟོག་པ་དང་འབྲེལ་བའི་ཕྱིར། ཉོན་མོངས་པ་ནི་ངག་གི་ཆོས་སུ་སྦྱོར་བའི་ཕྱིར་དང་། འདུས་བྱས་སྐྱེ་འཇིག་ཐམས་ཅད་ཀྱང་རྣམ་པར་རྟོག་པའི་སྐྱེ་འཇིག་གི་བྱེད་པ་ཅན་ཡིན་ཞིང་། ཡིད་ཀྱི་ཐིག་ལེའི་དྲི་མ་ཡང་རྣམ་པར་རྟོག་པ་ཡིན་པས་དང་། ཚོགས་དྲུག་རགས་པ་འགགས་པ་རྨོངས་པའི་གནས་སྐབས་ནི་གཉིད་འཐུག་པོ་དང་འཆི་བ་ལ་སོགས་པ་གནད་གཅིག་པའི་ཕྱིར་དང་། བཞི་པ་ཐིག་ལེ་འཕོ་བ་ལ་ཆགས་པ་ནི། དེ་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ཞིང་། འཛག་བདེའི་སྲེད་པ་མངོན་གྱུར་ནི་བདུད་སྡིག་ཏོ་ཅན་གྱི་བྱེད་ལས་དངོས་ཀྱང་ཡིན་པའི་ཕྱིར་རིམ་པ་བཞིན་དུ་སྦྱར་རོ། །

{{#arraymap:བདུད་བཞི་

|; |@@@ | | }}

བདུད་བཞི་ (5)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡང་ན་སྤྱི་ཏིའི་འགྲེལ་པས་ནི། བདུད་བཞི་ནི་ཐེག་པ་འོག་མའི་ཞེ་འདོད་བློས་བཏགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་སྟེ། ཞེས་དང་། དེ་འདུལ་བར་བྱེད་པ་ནི་སྤྱི་ཏི་ཡོ་ག་སྟེ། གཞུང་མེད་ཀྱི་ལྟ་བ། བསམ་མེད་ཀྱི་སྒོམ་པ། སྣང་མེད་ཀྱི་སྤྱོད་པ། བློ་འདས་ཀྱི་འབྲས་བུ། དེ་བཞིས་འོག་མའི་ཞེ་འདོད་ཀྱི་ལྟ་བ། བསམ་པ་ཡིད་གཟུང་གི་སྒོམ་པ། བྱ་རྩོལ་གྱི་སྤྱོད་པ། རེ་དོགས་ཀྱི་འབྲས་བུ་དང་བཞི་འདུལ་བར་བྱེད་པའོ། །ཞེས་གསུངས་ཏེ། ཐེག་པའི་རྩེ་རྒྱལ་སྤྱི་ཏི་ཡོ་གའི་ལུགས་ལྟར་ན། ཐེག་པ་འོག་མའི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་བཞི་ལ་བདུད་བཞི་ཞེས་གྲགས།

{{#arraymap:བདུད་བཞི་

|; |@@@ | | }}