41006

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་ཆེན་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition རོང་པོ་དགོན་ཏེ། ཕྱི་ལོ་དུས་རབས་བཅུ་བཞི་པར་རོང་པོ་བསམ་གཏན་རིན་ཆེན་གྱིས་ཐོག་མར་བཏབ། ལྷ་ཁང་དང་དུས་གསུམ་སངས་རྒྱས་བཞེངས། དེའི་གཅུང་གྲགས་པ་རྒྱལ་མཚན་གྱིས་གསེར་ཁང་དང་། མགོན་པོ་རྭ་སྐྱེས་ལྷ་ཁང་། ལྷ་ཁང་བཙན་པོ་མར་གྲགས་པ་སོགས་བཞེངས། བར་སྐབས་སུ་ཅུང་ཟད་ཉམས་ཆག་ཏུ་སོང་། རབ་བྱུང་བཅུ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༦༠༥ ལོར་ཡེར་པ་ཆོས་རྗེ་སོགས་ཀྱིས་གཙུག་ལག་ཁང་དང་། རྣམ་རྒྱལ་མཆོད་རྟེན། ཕྱོགས་བཞིར་ས་འདུལ་གྱི་མཆོད་རྟེན་བཞི། བཀའ་འགྱུར་གསེར་བྲིས། རྗེ་རིན་པོ་ཆེའི་སྟོང་སྐུ་གསེར་ཐང་བཅས་བཞེངས། རབ་བྱུང་བཅུ་པའི་ས་སྤྲེལ་ཕྱི་ལོ་ ༡༦༠༨ ལོ་ནས་བཟུང་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལུགས་ཀྱིས་བསྐྱངས། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ཕྱི་ལོ་ ༡༦༣༠ ལོར་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་མཚན་ཉིད་གྲྭ་ཚང་བཙུགས་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་གྲྭ་ཚང་བསྐྱངས། ཤིང་སྤྲེལ་ཕྱི་ལོ་ ༡༦༤༤ ལོར་ཆོས་པ་རིན་པོ་ཆེས་འདུ་ཁང་ཆེན་མོ་བཞེངས། འཆད་ཉན་ཤིན་ཏུ་དར་བར་གྱུར།

{{#arraymap:བདེ་ཆེན་ཆོས་འཁོར་གླིང་

|; |@@@ | | }}