41017

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་ཆེན་རོ་བརྒྱད་ (1)
Part of speech མིང་ཚིག
Definition འཁོར་བ་ཇི་སྲིད་བར་དུ་གནས་པའི་ཕྱིར་རྟག་པ། གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན་གདུང་བ་མེད་པ། མི་སློབ་པའི་ཟུང་འཇུག་ལ་ཤེས་སྒྲིབ་ཀྱི་ཚ་གདུང་མེད་པ། སློབ་པའི་ཟུང་འཇུག་ལའང་གཉིས་སྣང་རགས་པ་འགགས་པས་བསིལ་བ། བདེན་གཉིས་དབྱེར་མེད་དང་སྲིད་ཞི་མཉམ་པ་ཉིད་དུ་གྱུར་པས་གཅིག་པ་དང་། སེམས་འགྱུར་བ་མེད་པའི་བདེ་བ། ཕྱིར་ཅི་ལོག་གི་འཁྲུལ་པ་དང་བྲལ་བས་དྲི་མ་མེད་པ། ཟབ་གསལ་དབྱེར་མེད་ལས་མི་འདའ་བའི་འགྲོ་དོན་མཛད་པའི་ཕྱིར་དགའ་བ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཆོས་ཉིད་དང་སེམས་ཅན་ལ་རྟག་ཏུ་མཉམ་པར་འཇོག་པས་ཡིད་དང་བའམ་ཡིད་དགའ་བའོ། །
Domain ཆོས་ལུགས།

{{#arraymap:བདེ་ཆེན་རོ་བརྒྱད་

|; |@@@ | | }}