41020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་དྲུག་པའི་དཀྱིལ་ལྷོ་ཁར་འཁྲུངས། ཆུང་དུས་ནས་ཆོས་གྲྭ་ཆེན་པོ་བདེ་ཆེན་ཆོས་འཁོར་གླིིང་དུ་ཆོས་ཞུགས་གནང་། བྱང་པ་འཚོ་བྱེད་ཀྱི་ལས་གསོ་རིག་གི་གཞུང་ལུགས་ལ་ཐུགས་གཉེར་མཛད། རྒྱུན་དུ་བདེ་ཆེན་ཆོས་འཁོར་གླིང་དུ་བཞུགས། སྨན་དཔྱད་དང་། བསྟན་བཅོས་བརྩམས་ནས་དུས་འདའ་བ་མཛད། རབ་བྱུང་བཅུ་པའི་ས་བྱི་ཕྱི་ལོ ༡༥༨༨ ལོར་རྩ་བ་ཐུགས་ཀྱི་རྒྱུད་ཀྱི་འགྲེལ་བ་འབྲུ་སྣོན་ཤིན་ཏུ་ལེགས་པ་ཞེས་པ་བརྩམས། གསུང་རྩོམ་སོ་བ་རིག་པའི་ཁོག་འབུགས་ལེགས་བསྡུས་བཅས་གསུང་རྩོམ་འགའ་བཞུགས། |
{{#arraymap:བདེ་ཆོས་སྨན་པ་རཏྣ་
|; |@@@ | | }}