41023

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ་ ༡༦༥༩ ལོར་མདོ་སྨད་གཙོས་ས་ཁུལ་གྱི་ཁ་ཡངས་གོང་མ་ཞེས་པའི་སྡེ་གྲོང་དུ་ཁྱུང་པོ་ཨ་ཙའི་རིགས་སུ་འཁྲུངས། བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས་ཞེས་པའམ་མཚན་གཞན་ལ་ཚུལ་ཁྲིམས་རྣམ་རྒྱལ་ཞེས་པ་ནི་བདེ་ཐང་དགོན་དགའ་ལྡན་ཆོས་འཁོར་གླིང་ངམ་དགའ་ལྡན་བསམ་གྲུབ་གླིང་གི་མཁན་པོ་སྐུ་ཐོག་གཉིས་པ་ཡིན། བདུན་པར་བདེ་ཐང་མཁན་པོ་དཀའ་བཅུ་བསོད་ནམས་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་བཟུང་། གདན་སར་བཀོད། ཆས་པ་བླ་མ་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། ཡི་གེའི་འབྲི་ཀློག་སོགས་ལ་བསླབས། བཅུ་དགུ་ལ་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། དོན་གྲུབ་རྒྱ་མཚོ་བཤེས་གཉེན་དུ་བསྟེན། མདོར་སྦྱངས། གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། ཉེར་གསུམ་པར་རྒྱལ་དབང་ལྔ་བ་ལས་བསྙེན་པར་རྫོགས། རྒྱུད་སྟོད་ཆོས་གྲྭར་ཞུགས། སྤོ་འབོར་བ་བློ་བཟང་ཆོས་འཕེལ་ལས་སྔགས་ལ་སྦྱངས། བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དང་མཇལ། ཆོས་འབྲེལ་ཡང་ཞུས། ཉེར་བཞི་ལ་ཨ་མདོར་བྱོན། འཁོར་ལོ་སྟེང་བྱ་བར་དགོན་སྡེ་བཏབ། སོ་བཞི་པར་སོག་ཡུལ་དུ་ཕེབས། མཁར་སྔོན་ཧུ་ཧོ་ཧོའུ་ཐེད་དུ་བཞུགས། ཐོ་ཡོན་བླ་མས་གསར་བཞེངས་མཛད་པའི་དགའ་ལྡན་མི་འགྱུར་གླིང་དང་། ཆ་གན་དི་ཡང་ཆིའི་དགོན་དགའ་ལྡན་དར་རྒྱས་གླིང་གཉིས་ཀྱི་བླ་མར་མཛད་དུ་བཅུག ཡུན་རིང་མ་འགོར་བར་དབུས་སུ་བྱོན། རྒྱལ་དབང་དྲུག་པར་དངོས་འབུལ་དང་དགོན་སྡེ་ཁག་ལ་མང་འགྱེད་ཕུལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབྱངས་ཅན་རོལ་པའི་རྡོ་རྗེར་བསྔགས། ཞེ་བཞི་ལ་ཨ་མདོར་ཕེབས། སྤྱི་དགོན་དགའ་ལྡན་ཆོས་འཁོར་ཕྱོགས་ལས་རྣམ་རྒྱལ་གྱི་གླིང་བཏབ། ཞེ་ལྔ་པར་སླར་དབུས་སུ་ཕེབས། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ ༡༧༡༨ ལོར་སོག་ཡུལ་མཁར་སྔོན་དུ་སྐུ་གཤེགས།

{{#arraymap:བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས་

|; |@@@ | | }}