41046
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་ས་ལ་ཡོན་ཏན་གྱི་བྱེ་བྲག་ལ་བརྟེན་ནས་རྣམ་པར་ཕྱེ་བའི་ཡ་གྱལ་ས་བཅུ་བཞི་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དེའང་ས་བཅུ་གསུམ་པ་ཉིད་ཆོས་སྐུ་སྤྲོས་དང་བྲལ་བའི་ཆ་ནས་ཁྱད་པར་ཆེན་པོའོ། །དེའི་ངང་ལས་ལོངས་སྐུའི་འཆར་གཞི་བྱེད་པས་ཡི་གེ་ཚོགས་ཆེན། དེ་ཉིད་ཀུན་གྱི་བླ་མ་ཡིན་པས་རྡོ་རྗེ་འཛིན་པ། ཡེ་ཤེས་མཐར་ཐུག་གི་ངོ་བོ་ཡིན་པས་རིག་པ་འཛིན་པ་ཞེས་ཡོན་ཏན་གྱི་ཆ་ནས་དེ་སྐད་དུ་གྲགས་སོ། །ས་འདི་དག་ལ་སྐས་ཀྱི་གདང་བུ་ལྟ་བུ་མཐོ་དམན་ཡོད་པ་མ་ཡིན་ཏེ། སངས་རྒྱས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ནས་དེ་སྐད་བརྗོད་དོ། །ཡོན་ཏན་གྱིས་ཕྱེ་བས་དེ་དང་དེ་ལས་མང་བར་ཡང་གསུངས་ཏེ། བདེ་བ་ཚད་མེད་པས་བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མ་ཞེས་གྲགས་ཤིང་། དོན་གྱི་ངོ་བོ་ལ་གྲུབ་བསལ་མེད་པས་ས་གཅིག་ཏུའང་བཤད་དེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་རྫོགས་པ་ཆེན་པོར་གཅིག་པ་སྟེ། ཀུན་བྱེད་ལས། གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །ཞེས་སོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བདེ་བ་ཆེན་པོའི་ས་
|; |@@@ | | }}