41083

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་བར་གཤེགས་པའི་སྙིང་པོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དེ་ལྟར་བཀའ་དང་བསྟན་བཅོས་རྣམས་ལས། ཐ་སྙད་མི་འདྲ་བ་དུ་མའི་སྒོ་ནས་བསྟན་ཀྱང་བདེར་གཤེགས་སྙིང་པོ་རང་གི་ངོ་བོ་ནི། ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུན་མ་ཆད་པ། དགེ་མི་དགེ་ལ་སོགས་པའི་རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་ཀྱིས་ཟིན་མ་ཟིན་གྱི་བྱེ་བྲག་གིས་འཆིང་གྲོལ་ཀུན་གྱི་གཞིར་གྱུར་པ། ཐབས་ཀུན་རྫོབ་ཀྱི་མཚན་ཉིད་གསལ་ཙམ་མ་འགགས་པ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རང་གི་ངོ་བོ་ལ་བརྟགས་ན་ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཐའ་གང་དུའང་མ་གྲུབ་པའི་སྤྲོས་བྲལ་ལས་མ་འདས་པའི་གསལ་སྟོང་ཟུང་འཇུག་གམ། རིག་སྟོང་ཟུང་འཇུག་འདི་ཉིད་ཡིན་ནོ། །དེས་ན་བདེར་གཤེགས་སྙིང་པོ་ནི་གསལ་སྟོང་ཟུང་འཇུག་ལ་འཇོག་པ་ཡིན་གྱི་གསལ་བ་སྤངས་པའི་སྟོང་པ་ཙམ་ནི་མ་ཡིན་ཏེ། དེ་ནི་འཆིང་གྲོལ་གྱི་གཞིར་མི་རུང་བའི་ཕྱིར་རོ། །སྟོང་པ་སྤངས་པའི་གསལ་བ་ཙམ་ཡང་མ་ཡིན་ཏེ། དེ་ནི་འདུས་བྱས་ཀྱི་ཆ་ཡིན་ལ། བདེར་གཤེགས་སྙིང་པོ་འདུས་མ་བྱས་སུ་གསུངས་པའི་ཕྱིར་རོ། །ཟུང་འཇུག་དེ་ཉིད་ཐབས་ཀྱིས་མ་ཟིན་ན་འཁོར་བའི་ཆོས་རྣམས་ཀྱི་གཞི་ཡིན་ཏེ། ཟུང་འཇུག་ལས་རྣམ་རྟོག་སྐྱེ། དེ་ལས་ཉོན་མོངས་པ། དེ་ལས་ལས་བསགས། དེེ་ལས་འཁོར་བས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཀུན་འབྱུང་བའི་ཕྱིར་རོ། །དེ་ཉིད་ཐབས་ཀྱིས་ཟིན་ན་ལམ་གྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་ཏེ། འཁྲུལ་བའི་དབང་གིས་འབྱུང་བའི་སེམས་འདི་དགེ་རྩ་སད་པར་བྱས་ཏེ། སེམས་རང་གི་གནས་ཚུལ་སྙེགས་པའི་ཚེ། འཁོར་བ་ལ་སྤོང་འདོད་དང། མྱ་ངན་ལས་འདས་པ་ལ་དོན་གཉེར་གྱི་འདུན་པ་འབྱུང་ཞིང། དེ་ལས་དེ་དག་གི་སྒྲུབ་པ་འབྱུང་བའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བདེ་བར་གཤེགས་པའི་སྙིང་པོ་

|; |@@@ | | }}

བདེ་བར་གཤེགས་པའི་སྙིང་པོ་ (2)
Part of speech མིང་ཚིག
Definition བདེ་གཤེགས་སྙིང་པོའི་མཚན་ཉིད་ནི། རྣམ་གཞག་རྣམ་པ་བཅུ་དང་ལྡན་པའི་ཆོས་ཀྱི་སྐུའོ། ། མིང་གི་རྣམ་གྲངས་ནི་ཆོས་ཀྱི་སྐུ་དང། དེ་བཞིན་གཤེགས་པ་དང། འཕགས་པའི་བདེན་པའི་དོན་དམ་པ་དང། མྱ་ངན་ལས་འདས་པ་ཞེས་བྱའོ། །རྣམ་གཞག་རྣམ་པ་བཅུ་ནི། ཇི་སྐད་དུ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ཉིད། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་གསུངས་པ་དེའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། །

{{#arraymap:བདེ་བར་གཤེགས་པའི་སྙིང་པོ་

|; |@@@ | | }}

བདེ་བར་གཤེགས་པའི་སྙིང་པོ་ (3)
Part of speech མིང་ཚིག
Definition མདོ། བདེ་བར་གཤེགས་པའི་སྙིང་པོ་ནི། དཀོན་ཅོག་འགྲེལ་ལས། དེ་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི། ཐུན་མོང་དུ་གྲགས་པ་སེམས་ཅན་རྣམས་བྱང་ཆུབ་ཀྱི་རྒྱུ་ཅན་ཟག་མེད་ཀྱི་ས་བོན་དང་ལྡན་པའོ། །ཞེས་འདོད་དོ། །ཞེས་གསུངས།
Domain ལྟ་གྲུབ།

{{#arraymap:བདེ་བར་གཤེགས་པའི་སྙིང་པོ་

|; |@@@ | | }}