41093
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་པར་བྱེད་པའི་ལམ་དང༌། འབྲས་བུའི་རིམ་པ་སྟོན་པའི་བླ་མེད་མ་རྒྱུད་ཀྱི་རྒྱུད་གཞུང་། བདེ་མཆོག་ལུ་ཨི་པ་ལྷ་དྲུག་ཅུ་རེ་གཉིས། བདེ་མཆོག་ནག་པོ་ལུགས་ལྷ། བདེ་མཆོག་དྲིལ་བུ་ལུས་དཀྱིལ་དང་ལྷ་ལྔ། བདེ་མཆོག་ངམ་རྫོང་སྙན་སྙན་བརྒྱུད་སོགས་ཡོད། |
Domain | ཆོས་ལུགས། |
{{#arraymap:བདེ་མཆོག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཔལ་འཁོར་ལོ་བདེ་མཆོག་མཐིང་ག ཞལ་བཞིའི་རྩ་ཞལ་ནག གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་པོ། ཞལ་རེ་རེ་ཡང་སྤྱན་གསུམ་གསུམ་པ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་རྡོ་དྲིལ་འཛིན་པས་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས་སྡིགས་མཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་འཛིན་པ་དང༌། གཡས་ལྷག་མ་བཞི་ན་ཌ་མ་རུ་དང་། དགྲ་སྟ། གྲི་གུག མདུང་རྩེ་གསུམ། གཡོན་ལྷག་མ་བཞི་ན་ཁ་ཊཱཾ་ག ཐོད་པ། ཞགས་པ། ཚངས་མགོ་བསྣམས་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་བའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔས་བརྒྱན་ཅིང༌། དབུའི་གཡོན་དུ་ཅུང་ཟད་ཡོག་བའི་ཟླ་བ་ཕྱེད་པ་འཆིང་བ་ཞལ་རྣམ་པར་འགྱུ་བ། མཆེ་བ་བཞི་གཙིགས་པ་གར་དགུའི་ཉམས་དང་ལྡན་པ། མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། འཇིགས་བྱེད་སྔོན་སྔོན་པོ་དང་དུས་མཚན་མ་དམར་མོའི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པ། འཁོར་དུ་མཁའ་འགྲོ་མ་བཞི། སྐུ་དང་། གསུང་དང་། ཐུགས་གསུམ་སོ་སོའི་འཁོར་ལོའི་རྩིབས་བརྒྱད་ལ་དཔའ་བོ་དང་དཔའ་མོ་བརྒྱད་བརྒྱད་རེ་ཡོད་པ། སྒོ་བཞི་དང་མཚམས་བཞིེར་མཁའ་འགྲོ་མ་བརྒྱད་ཡོད་དོ། ། |
Synonyms | མཁའ་འགྲོའི་དབང་ཕྱུག མཁའ་འགྲོའི་དབང་པོ། འཁོར་ལོ་སྡོམ་པ། ཐོད་པ་ཅན། རྡོ་རྗེ་འཁོར་ལོ། དཔའ་བོ་རྡོ་རྗེ། ཟླ་བའི་ཅོད་པན། རི་ཁྲོད་པ། རྡོ་རྗེ་མཁའ་འགྲོ། རྡོ་རྗེ་ཐོད་པ་ཅན། དྲ་བའི་སྡོམ་པ་དང་། |
{{#arraymap:བདེ་མཆོག་
|; |@@@ | | }}