41127

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་ཞིབ་ལས་ཁུངས་ (1)
Part of speech མིང་ཚིག
Definition དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག་སྟེ། རང་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ་ ༡༩༣༨ ལོར་གསར་དུ་བཙུགས། དེར་དོ་དམ་དྲུང་རྩིས་གཉིས་དང་། ལས་བྱ་སེར་སྐྱ་བཞི་ཡོད། ཁོང་ཚོའི་ལས་འགན་གཙོ་བོ་ནི། སྤྱི་ཚོགས་བདེ་འཇགས་སྐོར་ལ་ལྟ་རྟོག་དང་། ལྷག་པར་ལྷ་ས་གྲོང་ཁྱེར་གྱིས་མཚོན། རྒྱ་ཁྱབ་རྫོང་གཞིས་ཁག་ལ་སློབ་གྲྭ་གསར་འཛུགས་ཀྱིས་སློབ་ཁང་གསར་རྒྱག་དང་འབྲེལ་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་གཞི་རྒྱ་མ་ཆུང་ཙམ་སྐོང་འགུགས་ཐོག རྫོང་གཞིས་སོ་སོའི་ལས་བྱ་དྲུང་ཁང་། གཙོ་རྒན། གཞན་ཡང་སྒེར་ཆོས་ཁོངས་ནས་དགེ་རྒན་ཇི་དགོས་འོས་འཛུགས་ཀྱི་ཕོགས་ཐོག་གཞུང་གནས་ནས་བསྩལ་ཐོག ཟླ་དྲུག་རེའི་མཚམས་རྫོང་གཞིས་སྣེ་སྡོད་སོ་སོས་སློབ་འབྲས་གང་འདྲ་བྱུང་ཡོད་མེད་ཞིབ་འཇུག་དང་འབྲེལ། བདེ་ཞིབ་ལས་ཁུངས་སུ་ཐད་ཀར་སྙན་སེང་ཞུས་ཐོག་རྣམ་ཀུན་སློབ་ཁང་ལ་ལྟ་རྟོག་གཉེར་སྐྱོང་བྱེད་དགོས་པ་སོགས་ཀྱི་གཏན་འབེབས་ཡོད། དེ་འབྲེལ་ལྷ་ཞོལ་གྲོང་ཁྱེར་ནང་ཕྱི་ལུགས་ལ་དང་ཞེན་བྱེད་པའི་ཕོ་མོའི་ཆས་གོས་ཡ་མ་གཟུགས་སྤྲས་པ་དང་། ཉལ་ཐ་ལྐོག་ཚོང་དང་འཐེན་འཐུང་མི་ཆོག་པ། ཐོ་ཕི་ཅུ་དང་། མཱ་ཅང་བརྒྱབ་ནས་རྒྱན་འཛུགས་མི་ཆོག་པ། གཏན་འབེབས་ཆང་ཁང་ལས་བརྒལ་བའི་མྱོས་རྫས་གང་བྱུང་དུ་བཙོང་མི་ཆོག་པ་བཅས་ཀྱི་ཁྲིམས་འདོམས་མཇུག་སྣོན་བྱེད་དགོས་པ་དང་། གཞན་ཡང་ཡུལ་ལུང་ཡར་རྒྱས་ཀྱི་ཆེད་དུ་བསམ་ཞིབ་འཆར་འགོད་ཞུ་དགོས་པ་བཅས་སོ། །

{{#arraymap:བདེ་ཞིབ་ལས་ཁུངས་

|; |@@@ | | }}