41130

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་འགྲོ་དབང་སྒྱུར་བཅུ་གསུམ་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་ཞིག་སྟེ། རྣམ་པར་རྒྱལ་བའི་མཆོད་བསྐང་ལས། བདེ་འགྲོ་དབང་སྒྱུར་བཅུ་གསུམ་ཡང་། ཞེས་སོ། །བཅུ་གསུམ་ནི། ལྷ་ཡི་དབང་པོ་བརྒྱ་བྱིན། ལྷ་ཆེན་ཚངས་པ་འབུམ་ཁྲི། ཁྱབ་འཇུག་ཡིད་དེ་རྒྱལ་བ། བྱི་ནུ་ཡིད་ལ་སེམས་དཔའ། སྐར་མདའ་དྲེག་པའི་རྒྱལ་པོ། གསས་རྗེ་སྲིད་རྗེ་འབྲང་དཀར། མ་ཧཱ་ཕྱྭ་རྗེ་རིང་དཀར། བྱིན་ཆེན་སྐོས་རྗེ་དྲངས་དཀར། ལྷ་ཆེན་འདོད་པའི་དབང་ཕྱུག རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་བཅས་ཡིན། དེ་དག་གི་སྐུ་མདོག་དང་ཕྱག་མཚན་སོགས་ནི་རྣམ་རྒྱལ་མཆོད་གཞུང་ལ་གཟིགས།
Domain ཆོས་ལུགས།

{{#arraymap:བདེ་འགྲོ་དབང་སྒྱུར་བཅུ་གསུམ་

|; |@@@ | | }}