41146

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ ༡༨༣༩ ལོར་ཚ་ཕུག་སྣ་ཁ་ཚང་དུ་འཁྲུངས། ཆུང་དུས་ནས་རྗེ་གསེར་ཁང་བས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། རབ་བྱུང་བསྒྲུབས། ཆོས་བཀའ་མང་དུ་གསན། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། རྗེ་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ལེགས་པར་སྦྱངས། གྲུབ་དབང་འཇིགས་མེད་བསམ་གཏན་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་མན་ངག་རྣམ་གསུམ་མ་ལུས་གསན། གསེར་ཁང་རི་ཁྲོད་དང་། མཚེར་མོ་ཆེ་སོགས་སུ་ཕེབས། སྒྲུབ་པ་ཉམས་ལེན་ལ་གཞོལ། ལྔ་བཅུའི་ནང་དབུས་གཙང་དུ་བྱོན། པཎ་ཆེན་ཆོས་ཀྱི་ཉི་མས་བླ་མར་བཀུར། འཇིགས་བྱེད་བསྙེན་ཁྲིད་ཞུས། པཎ་ཆེན་རིན་པོ་ཆེས་བསིལ་བའི་ཚལ་གྱི་མགོན་པོའི་རྡོ་སྐུ་བྱིན་ཅན་ཞིག་གནང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཀྱང་བླ་མར་བཀུར། ལྷོ་བྲག་བཀའ་འབུམ་དང་། དབེན་ས་ཡབ་སྲས། གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་ཞལ་ཤེས་སྟན་བརྒྱུད་མནོག་ཆེ་བ་རྣམས་ཕུལ། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་རྣམས་ལའང་ཆོས་བཀའ་རེ་གཉིས་ཕུལ། འཇིགས་མེད་ཐུབ་བསྟན་རྒྱ་མཚོས་ཀྱང་རྩ་བའི་བླ་མར་བསྟེན། གཅན་ཚའི་མ་ཎི་དང་། བྱ་ཁྱུང་ཨ་ར་པ་ཙའི་ལྷ་ཁང་གི་རྟེན་དང་བརྟེན་པ་གསར་བཞེངས་དང་། ཉམས་གསོ་ཅི་རིགས་མཛད། དོན་གསུམ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་ཕྱི་ལོ ༡༩༡༡ ལོར་སྐུ་གཤེགས། གདུང་ནི་ཙོང་ཁའི་སྐྱེས་རིའི་གསེར་བཟང་སྐེད་ནས་བྱ་གཏོར་དང་། གདུང་རུས་སྙིང་པོར་བཞུགས་པའི་དངུལ་གྱི་མཆོད་རྟེན་བཞེངས། ད་ལྟ་གསེར་གདུང་ཆེན་མོར་བཞུགས།

{{#arraymap:བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་

|; |@@@ | | }}