41149
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤར་ཡུ་གུར་དུ་འཁྲུངས། འཁྲུངས་ལོ་མི་གསལ། དགུང་ལོ་བརྒྱད་པར་བདེ་རྒུ་ཆེ་བ་དཔལ་ལྡན་རྒྱ་མཚོའི་སྐུ་ཕྲེང་གསུམ་པར་ངོས་བཟུང་། དགོན་ལུང་བྱམས་པ་གླིང་དུ་གདན་དྲངས། སྐུ་གོང་མའི་གདན་སར་བཀོད། ཐུའི་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ལས་རབ་ཏུ་བྱུང། ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་ལས་བསྙེན་པར་རྫོགས། དགོན་ལུང་བྱམས་པ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་རྣམས་ལ་སློབ་གཉེར་མཛད། སྟོང་འཁོར་བསོད་རྣམས་རྒྱ་མཚོ་དང་། རྒྱལ་སྲས་འཇིགས་མེད་གྲགས་པ་སོགས་ལས་གདམས་པ་མང་པོ་མནོས། གནོད་ལན་ཕན་པས་འཇལ། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ ༡༧༣༧ ལོར་རྒྱལ་སྲས་བློ་བཟང་ངག་དབང་འཇིགས་མེད་དགོན་ལུང་བྱམས་པ་གླིང་དུ་གདན་འདྲེན་པར་དབུས་སུ་ཕེབས་མོད། ཕོ་ལྷ་ཐས་ཇིས་དགོངས་པ་མ་སྟེར་བས་རྒྱལ་སྲས་དོ་ཁམས་གདན་འདྲེན་མ་ཐུབ། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ ༡༧༤༠ ལོར་དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། ཁྲི་ཟུར་རྗེས་མཆོད་རྟེན་ཐང་དང་། མཱ་ཐི་ཟི། འདུལ་བ་དགོན། སྟོང་འཁོར་དགོན་སོགས་ཀྱི་བླ་མ་ཡང་མཛད། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་སུམ་ཅུ་པ་བ་ཡིན། |
{{#arraymap:བདེ་རྒུ་ངག་དབང་དགེ་ལེགས་རྒྱ་མཚོ་
|; |@@@ | | }}