41226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེན་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སེར་སྨད་རྒྱལ་དབང་མཛོད་ལས། བདེན་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་པ་ནི། བདེན་པ་གསུམ་པོ་རེ་རེ་ཟད་པར་རྟོགས་པའི་རྗེས་ལ་ཐོབ་པའི་དོན་ཡིན་ན། ཆོས་ཤེས་གསུམ་གྱི་ཚེ་བདེན་པ་གསུམ་པོ་རེ་རེ་ནས་ཟད་པར་མ་རྟོགས་པའི་ཕྱིར་ཏེ། རིམ་པ་བཞིན་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མི་ཤེས་ཤིང༌། ཀུན་འབྱུང་མ་སྤངས་ལ། འགོག་པ་མངོན་དུ་མ་བྱས་པའི་ཕྱིར། རྗེས་ཤེས་གསུམ་གྱི་ཚེ་བདེན་པ་གསུམ་པོ་རེ་རེ་ནས་ཟད་པ་སྟེ་རྫོགས་པར་རྟོགས་པས་ན། བདེན་པ་དེ་དག་ལ་དམིགས་ནས་རྗེས་སུ་ཤེས་པའི་ཀུན་རྫོབ་ཤེས་པ་རེ་རེ་ཡང་གསར་དུ་ཐོབ་བོ། །ལམ་རྗེས་ཤེས་ལ་ནི་དེ་ལྟར་མི་ཐོབ་སྟེ། ཀུན་རྫོབ་ཤེས་པ་འཇིག་རྟེན་པའི་ལམ་གྱིས་བདེན་པ་དང་པོ་གསུམ་རྟོགས་ཀྱང་ལམ་བདེན་རྟོགས་མི་སྲིད་པའི་ཕྱིར་དང༌། འདི་ནི་བདེན་པ་ཟད་པར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཡིན་ན། ལམ་ནི་ཟད་པར་སྒོམ་མི་ནུས་ཏེ། ཉན་རང་སངས་རྒྱས་གསུམ་གྱི་ལམ་གྱི་རིགས་མང་ཞིང་མཐའ་མེད་པའི་ཕྱིར་དང༌། དེ་དག་གང་ཟག་གཅིག་གིས་དུས་གཅིག་ཏུ་སྒོམ་པའང་མི་སྲིད་པའི་ཕྱིར། ཞེས་འདོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདེན་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་

|; |@@@ | | }}