41229
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་དག་བདེན་པ་དམ་པ་མཐོང་བའི་སྔ་ལྟས་སུ་སྔོན་དུ་བྱུང་བ་ཡི་རྟགས་དགུ་གསུངས་ཏེ། ཀུན་འདུས་རིག་པ་ལས། བདེན་པ་མཐོང་བའི་སྔ་ལྟས་ཀྱང༌། །སྔོན་མ་མཐོང་གི་ཡུལ་མཐོང་དང༌། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང༌། །གླིང་རྣམས་གཞན་དུ་ཕྱིན་པ་དང༌། །རི་རབ་ཁ་ལ་ཕྱིན་པ་དང༌། །ནམ་མཁའ་རྒྱ་ཆེར་མཐོང་བ་དང༌། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང༌། ལག་ན་སྒྲོན་མ་ཐོགས་པ་དང༌། །ཉི་མའི་སྙིང་པོ་ལྟ་བ་དང༌། །སྣང་སྲིད་དཔྱོད་པར་བྱེད་པ་རྣམས། །ཆོས་ལ་དབང་ཐོབ་ལྟས་ཆེན་ཡིན། །ཞེས་པ་ལྟར། སྔོན་མ་མཐོང་བའི་ཡུལ་མཐོང་བ། སྟོང་གསུམ་རྒྱ་ཆེར་མཐོང་བ། གླིང་རྣམས་གཞན་དུ་བགྲོད་དེ་མཐོང་བ། རི་རབ་ཀྱི་རྩེར་ཕྱིན་ནས་ཐམས་ཅད་མཐོང་བ། ནམ་མཁའ་མཐའ་ཡས་པ་ཉིད་རྒྱ་ཆེར་མཐོང་བ། རྒྱ་མཚོའི་གཏིང་དུ་ཕྱིན་པ། ལག་ན་སྒྲོན་མེ་ཐོགས་པ། སྣང་སྲིད་ཀུན་ལ་དཔྱོད་པ། ཉི་མའི་སྙིང་པོ་ལྟ༷་བ་དང་དགུའོ། ། |
Domain | ཆོས་ལུགས། |
{{#arraymap:བདེན་པ་མཐོང་བའི་ལྟས་དགུ་
|; |@@@ | | }}