41231
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ངོ་ཚ་ཤེས་པའི་རྣམ་པ། ༢ ཡོན་ཏན་གྱི་རྣམ་པ། ༣ ཁྲེལ་ཡོད་པའི་རྣམ་པ། ༤ དེས་པའི་རྣམ་པ། ༥ བཅོས་མ་མ་ཡིན་པའི་རྣམ་པ། ༦ མ་སྨད་པའི་རྣམ་པ། ༧ མི་དམིགས་པའི་རྣམ་པ། ༨ ལྷས་རྣམ་པར་རིག་པའི་རྣམ་པ། ༩ འཇིགས་པ་མེད་པའི་རྣམ་པ། ༡༠ ངན་འགྲོ་ཐམས་ཅད་གཅོད་པའི་རྣམ་པ། ༡༡ བདེ་འགྲོ་འབྱེད་པའི་རྣམ་པ། ༡༢ འཕགས་པའི་སྐྱེ་བོ་མངོན་པར་དགའ་བའི་རྣམ་པ། ༡༣ མཁས་པས་མཆོད་པར་འོས་པའི་རྣམ་པ། ༡༤ ནང་དག་པའི་རྣམ་པ། ༡༥ ཕྱི་རོལ་ལེགས་པར་བྱས་པའི་རྣམ་པ། ༡༦ གཟུང་བར་འོས་པའི་ཚིག་གི་རྣམ་པ། ༡༧ བླང་བར་འོས་པའི་ཚིག་གི་རྣམ་པ། ༡༨ ཚིག་མི་བརླང་བའི་རྣམ་པ། ༡༩ འཇམ་པའི་ཚིག་གི་རྣམ་པ། ༢༠ ཁྱད་པར་ཅན་གྱི་ཚིག་གི་རྣམ་པ། ༢༡ ཁ་དྲི་རབ་ཏུ་ཞིམ་པའི་ཚིག་གི་རྣམ་པ། ༢༢ བཀའ་བློ་བདེ་བའི་རྣམ་པ། ༢༣ སླུ་བ་མེད་པའི་རྣམ་པ། ༢༤ གདུང་བ་མེད་པའི་རྣམ་པ། ༢༥ དགའ་ཞིང་མཆོག་ཏུ་དགའ་བའི་རྣམ་པ། ༢༦ བདག་ལ་ངེས་པར་སེམས་པའི་རྣམ་པ། ༢༧ གཞན་ལ་ངེས་པར་སེམས་པའི་རྣམ་པ། ༢༨ འཁྲུལ་པ་མེད་པའི་རྣམ་པ། ༢༩ ཁ་ན་མ་ཐོ་བ་མེད་པའི་རྣམ་པ། ༣༠ སྦྱིན་པའི་གནས་ཀྱི་སའི་རྣམ་པ། ༣༡ སངས་རྒྱས་མཉེས་པར་བྱེད་པའི་རྣམ་པ། ༣༢ བདེན་པའི་རྗེས་སུ་མཐུན་པའི་ངག་རབ་ཏུ་འཐོབ་པའི་རྣམ་པ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:བདེན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་
|; |@@@ | | }}