41264

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེན་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བདེན་པ་བཞི་པོ་རེ་རེར་ཏེ་སྡུག་བདེན་ལྟ་བུ་ལ་ངོ་བོ་བྱ་བ་མཐར་ཐུག་པ་ལ་བཟླས་པ་སྟེ་བཟླས་པ་གསུམ་དང་། བཟླས་པ་རེ་རེའི་རྣམ་པར་མིག ཤེས་པ། རིག་པ། བློ་སྟེ་བཞི་བཞི་སྟེ་བསྡོམས་པས་རྣམ་པ་བཅུ་གཉིས་དང་། དེ་བཞིན་དུ་བདེན་པ་གཞན་གསུམ་ལའང་སྦྱར་ཏེ་བསྡོམས་པས་བདེན་བཞི་ལ་བཟླས་པ་བཅུ་གཉིས་དང་། རྣམ་པ་བཞི་བཅུ་རྩ་བརྒྱད་ཡོད་དོ། །འོན་ཀྱང་བདེན་པ་རེ་རེ་ལའང་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་པར་འདྲ་བའི་ཕྱིར། བསྡུས་ནས་བརྗོད་ན་བདེན་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་སྨྲས་པ་ཡིན་ཏེ། མཆིམས་མཛོད་ལས། དེ་ལ་ལན་གསུམ་དུ་བཟླས་པ་ནི་བྱེ་བྲག་ཏུ་སྨྲ་བ་ན་རེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བསྔལ་གྱི་ངོ་བོ་ལ་བཟླས་པ་གཅིག་དང༌། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་བཟླས་པ་གཅིག་དང༌། སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་མཐར་ཐུག་པ་ལ་བཟླས་པ་གཅིག་སྟེ་གསུམ་མོ། །རྣམ་པ་བཅུ་གཉིས་ནི་བཟླས་པ་དེ་དག་རེ་རེ་ལའང་སྡུག་བསྔལ་གྱི་ངོ་བོ་མངོན་སུམ་དུ་གྱུར་པས་མིག་དང༌། ཐེ་ཚོམ་མེད་པས་ཤེས་པ་དང༌། ཡང་དག་པའི་དོན་ཤེས་པས་རིག་པ་དང༌། རྣམ་པར་དག་པའི་ཕྱིར་བློ་ཞེས་པ་བཞི་བཞི་དང༌། དེ་བཞིན་དུ་བདེན་པ་གཞན་གསུམ་པོ་རེ་རེ་ལའང་བཟླས་པ་གསུམ་གསུམ་དང༌། བཟླས་པ་རེ་རེ་ལའང་མིག་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་བཞི་ཡོད་པས་རྣམ་པ་བཅུ་གཉིས་བཅུ་གཉིས་ཡིན་ནོ། །འོ་ན་ནི་བདེན་པ་བཞི་པོ་རེ་རེ་ལའང་བཟླས་པ་གསུམ་གསུམ་བཅུ་གཉིས་དང༌། བཟླས་པ་རེ་རེ་ལའང་རྣམ་པ་བཞི་བཞི་དང་ལྡན་པས་རྣམ་པ་བཞི་བཅུ་རྩ་བརྒྱད་ཡོད་པའི་ཕྱིར་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་ཇི་ལྟར་འགྱུར་ཞེ་ན། བདེན་མོད་ཀྱི་བདེན་པ་རེ་རེ་ལའང་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་པར་འདྲ་བའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བརྗོད་དེ་དཔེར་ན་གཉིས་བསྟན་པ་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདེན་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བ་

|; |@@@ | | }}