41537
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ ༡༦༧༦ ལོར་མདོ་སྨད་ཙོང་ཁ་དགེ་ཐང་ཡུལ་དུ་ཡབ་དབྲ་དབང་རྒྱལ་དང་། ཡུམ་རྟ་མགྲིན་མཚོའི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དོན་གྲུབ་ཚེ་རིང་འབོད། དགུང་ལོ་བཅུ་གསུམ་པར་ཅོ་ནེ་དགོན་དུ་ཞུགས། སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་ལས་རབ་ཏུ་བྱུང། མཚན་ལ་བློ་བཟང་རབ་བརྟན་ཞེས་གསོལ། བཅུ་དགུ་པར་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། གཞུང་ཆེན་ལྔ་ལ་ཐུགས་བརྩོན་མཛད། ཉེར་བདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། བཀའ་ཆོས་མང་པོ་མནོས། ཉེར་དྲུག་པར་འབྲས་སྤུངས་གླིང་བསྲེའི་དགེ་བཤེས་ཀྱི་མཚན་བཏགས་བཞེས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལས་ལམ་རིམ་དང་། རྗེ་ཙོང་ཁ་པའི་གསུང་ཐོར་བུ་སོགས་ཀྱི་ཁྲིད་ལུང་ཞུས། ཉེར་བརྒྱད་པར་ཕྱི་རང་ཡུལ་དུ་ཕེབས། བཞི་བཅུ་པར་སྐུ་འབུམ་དུ་རྒྱལ་མཆོག་སྐུ་ཕྲེང་བདུན་པར་མཇལ། ཁྱ་དགེ་སློབ་དཔོན་དང་། འཇམ་བཞད་ངག་དབང་བརྩོན་འགྲུས་སོགས་བཤེས་གཉེན་མང་པོ་བསྟེ། མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་གནང་། སྟག་ཚང་རི་ཁྲོད་བཀྲ་ཤིས་ཆོས་གླིང་ཕྱག་བཏབ། རེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ ༡༧༤༥ ལོར་སྐུ་གཤེགས། གསུང་རྩོམ་ནི་བྱིས་པའི་སྤྱོད་པ་གསལ་བྱེད་མེ་ལོང་དང་། དབེན་གནས་སྟག་ཚང་བཀྲ་ཤིས་ཆོས་གླིང་གི་གནས་ཀྱི་ལོ་རྒྱུས། བརྡ་སྤྲོད་ཚིག་དོན་འབྱེད་པའི་ལྡེ་མིག ཞལ་གདམས་མགུར་མ། བསླབ་བྱ་བླང་དོར་ཀུན་གསལ་བཅས་ཆོས་ཚན་སུམ་ཅུ་སོ་ལྔ་ལོངས་པའི་པོད་གཅིག་བཞུགས། |