41538
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་མགོར་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོ་ག་བཅས་ལ་སྦྱངས། བསྙེན་རྫོགས་བར་སྡོམ་པ་རྣམས་མནོས། རྭ་སྒྲེང་རྡོ་རྗེ་འཆང་དང་། རྡོ་རྗེ་ཡེ་ཤེས་བསྟན་འཛིན་གཉིས་རྩ་བའི་བླ་མར་བསྟེན། ཐ་སྙད་རིག་གནས་དང་། གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་སློབ་གཉེར་ཡ་མ་བྲལ་བ་གནང་། གསུང་རྩོམ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེན་པོ་དཀའ་གནད་རྣམས་གསལ་བར་བཀོད་པའི་ལམ་རིམ་རབ་གསལ་མེ་ལོང་དང་། བསྟན་པ་ཡོངས་རྫོགས་ཀྱི་སྲོག་ཤིང་དུ་ལྷག་པར་གཅེས་པ་ལས་འབྲས་རྣམ་པར་འབྱེད་ཅིང་གསལ་བར་བཤད་པའི་ལས་འབྲས་གསལ་བའི་མེ་ལོང་བཅས་བྲིས་མ་པོད་གཅིག་བཞུགས། |