41549

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཙུན་མོ་དམ་པ་དྲོ་བའི་དབྱིངས་ (1)
Part of speech མིང་ཚིག
Definition ལྷ་མོ་གོས་དཀར་མོ་སྟེ། ཡུམ་ན་བཟའ་དཀར་མོ་ཞེས་ཀྱང་གྲགས། དེ་ཡང་དཔལ་གསང་བ་སྙིང་པོ་ལས། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་། ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། དྲོ་བའི་དབྱིངས་དང་། ཞེས་པ་ནི། ཕྱིར་མེའི་ཁམས་དང་། ནང་དུ་ལུས་ཀྱི་ཁམས་ཀྱི་ཚ་བ་དང་དྲོ་བའི་བདག་ཉིད་ཡིན་ནོ། །དེ་རྣམ་པར་དག་པ་ནི་ལྷ་མོ་གོས་དཀར་མོའི་ངང་ཉིད་དུ་ལྟའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། འདི་ལ་དྲི་མས་གོས་པ་མེད་པས་ན་བཟའ་དཀར་མོ་སྟེ། ལྷག་མཐོང་ཆེན་པོའི་མེས་དག་པར་གྱུར་པའི་བདག་ཉིད་པདྨའི་རིགས་ཀྱི་ཡུམ་མོ། །ཞེས་གསུངས།