41551
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཱ་མ་ཀཱི་སྟེ། ཡུམ་མཱ་མ་ཀཱི་ཞེས་ཀྱང་གསུང་། དེ་ཡང་། དཔལ་གསང་བ་སྙིང་པོ་ལས། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་། ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། མཉེན་པའི་དབྱིངས་དང་། ཞེས་ཆུའི་དཀྱིལ་འཁོར་ལ་སོགས་པ་དང་། ནང་གི་ལུས་གཤེར་བ་དང་མཉེན་པའི་བདག་ཉིད་དོ། །དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་མཱ་མ་ཀཱིའི་ངང་ཉིད་དུ་ལྟའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། ཐམས་ཅད་བདག་གིར་བྱེད་པས་བདག་ཉིད་མ་སྟེ། ཡོན་ཏན་ཐམས་ཅད་སྡུད་པར་བྱེད་པའི་ཆུའི་བདག་ཉིད་རིན་པོ་ཆེའི་རིགས་ཀྱི་ཡུམ་མོ། །ཞེས་གསུངས། |