41552
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྡོ་རྗེའི་རིགས་ཀྱི་ཡུམ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། དཀོན་ཅོག་འགྲེལ་ལས། དེ་ལ་དེ་བཞིན་ཉིད་ལ་མངའ་བརྙེས་པས་དབྱིངས་ཀྱི་དབང་ཕྱུག་མ་སྟེ། མི་དམིགས་པའི་ཤེས་རབ་ཆེན་པོ་ནམ་མཁའ་ལྟ་བུའི་བདག་ཉིད་རྡོ་རྗེའི་རིགས་ཀྱི་ཡུམ་དུ་འཕྲུལ་པའོ། །ཞེས་གསུངས། མཚན་གྱི་རྣམ་གྲངས་ལ། དབྱིངས་ཕྱུག་མ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཡུམ་དབྱིངས་ཕྱུག་མ། བཅས་སུ་གྲགས། |