41556

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཙུན་མོ་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition བཙུན་མོ་ནི་ལུས་ལས་ཙན་དན་དང་། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། རེག་ན་ཉོན་མོངས་པ་མེད་པར་འགྱུར་བ། གླིང་དེའི་བཀྲེས་སྐོམ་དང་མྱ་ངན་བྲལ་བར་བྱེད་པ། རྒྱལ་པོས་མཐོང་ན་གྲང་དུས་དྲོ་ཞིང་། དྲོ་དུས་སུ་བསིལ་བར་བྱེད་པ། མི་ཀུན་གྱིས་མ་དང་སྲིང་མོ་ལྟར་མཐོང་བ། བསམ་པ་དང་མཐུན་ཞིང་བུ་མང་པོ་བཙས་པ། ཁྱིམ་ཐབས་བུད་མེད་གཞན་ལ་འགྲོ་ན་ཕྲག་དོག་མེད་པའམ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ། དེ་ནས་ཤི་ནས་ལྷར་སྐྱེའོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །
Domain ཆོས་ལུགས།