41557

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཙུན་མོ་རིན་པོ་ཆེའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བདེ་བར་གཤེགས་པ་སྟེ་ཚོགས་གཉིས་ཀྱི་ལམ་བདེ་བ་ནས་འབྲས་བུ་སྐུ་བཞིར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་རིན་པོ་ཆེ་ནི་མདོག་སྔོ་བསང་རྒྱལ་རིགས་སུ་སྐྱེས་པ་ཧ་ཅང་མི་རིང་བ། ཧ་ཅང་མི་ཐུང་བ། ཧ་ཅང་མི་སྦོམ་པ། ཧ་ཅང་མི་སྐེམ་པ། ཧ་ཅང་མི་དཀར་བ། ཧ་ཅང་མི་ནག་པ། གཟུགས་མཛེས་པ་ཚུལ་དུ་ཤེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དེའི་བ་སྤུའི་ཁུང་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་བ། ཁ་ནས་ཨུཏྤལའི་ངད་ལྡང་བ། པཉྩ་ལིནྡི་ལྟར་རེག་ན་བདེ་བ། དེ་གྲང་བའི་དུས་སུ་ལུས་ལ་རེག་ན་དྲོ་བ། དྲོ་བའི་དུས་སུ་ལུས་ལ་རེག་ན་བསིལ་བ་སྟེ་འདི་ཕུལ་བས་བདག་སོགས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་རྒྱུན་བཅད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དབྱིངས་གནས་ལུགས་ཀྱི་དོན་རྟོགས་ཤིང་ཁོང་དུ་ཆུད་ནས་ཐབས་སྙིང་རྗེ་ཆེན་པོ་དང་། བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འབྲེལ་བར་ཤོག་ཅིག་ཅེས་པའོ། །ཝསྟི་བཙུན་མོའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེངས་པའི་ལོགས་ལ་མཛུབ་མོ་གཉིས་བརྩེགས་ཏེ་མཐེ་བོང་གཉིས་གུང་མོ་ལ་སྦྱར་བ་བཙུན་མོའི་ཕྱག་རྒྱའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།