41712

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཞིན་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་དང་པོ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Keyword True
Example རྒྱལ་དབང་ལྔ་པས། དམར་སེར་མདངས་ཅན་ཐུན་མཚམས་ཁ་དོག་བཞིན། །འཇམ་མགོན་ཞལ་ཁྱིམ་མིག་གི་བདུད་རྩིའི་དཔྱིད། །ལྟ་བུ།
Domain རྩོམ་རིག
བཞིན་ (2)
Part of speech མཚུངས་ཚིག
Definition འདྲ་བའི་དོན་ཏེ། རབ་རྟོག་གསལ་བྱེད་ཀྱི་སྒྲ་ཡིན། སེམས་མེད་ལ་སེམས་ལྡན་བཞིན་སྒྲོ་བཏགས་ནས་བརྗོད་པ།
Keyword True
Example བོད་མཁས་པས། གཡེམ་ལ་རྗེས་ཆགས་སྔོ་བསངས་མཁའི་བུ་མོ། །རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ། ། སྐྱ་རེངས་སྣང་བ་དང་འགྲོགས་སྲིད་པའི་མིག ། བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བཞིན་རྒྱུ། །ལྟ་བུ།
བཞིན་ (1)
Part of speech ཕྲད་ཚིག
Definition མ་ནོར་བའམ་ངེས་པའི་དོན་ལ་འཇུག་སྟེ།
Keyword True
Example དེ་དེ་བཞིན་ནོ་ལྟ་བུ།
བཞིན་ (2)
Part of speech ཕྲད་ཚིག
Definition ཚད་གཞིར་འཛིན་པའམ། གཞིར་བཟུང་བའི་དོན་ལ་འཇུག་སྟེ།
Keyword True
Example བཤེས་གཉེན་གྱི་གསུང་བཞིན་བསྒྲུབ་དགོས། དབུ་ཁྲིད་ཀྱི་མཛུབ་སྟོན་བཞིན་བསྒྲུབས་ལྟ་བུ།
བཞིན་ (3)
Part of speech ཕྲད་ཚིག
Definition མཐུན་པའི་དོན་ལ་འཇུག་སྟེ།
Keyword True
Example ཁ་སང་བཤད་པ་བཞིན་བྱུང་འདུག འགྲེལ་བཤད་འདི་རྩ་བའི་དགོངས་པ་བཞིན་བྱུང་འདུག་ལྟ་བུ།
བཞིན་ (4)
Part of speech ཕྲད་ཚིག
Definition ཡིན་པའི་དོན་ཏེ།
Example བཤད་པ་འདི་རྩ་བའི་དགོངས་པ་བཞིན་ཡིན་ནོ་ལྟ་བུ།
བཞིན་ (1)
Part of speech གྲོགས་ཚིག
Definition བྱ་ཚིག་ད་ལྟ་བ་ཞིག་གི་མཐར་སྦྱར་ན་བྱ་བ་དེ་མུ་མཐུད་པའི་དོན་ལ་འཇུག་སྟེ།
Example དགའ་བཞིན་སྤྲོ་བཞིན་དུ་ལམ་ལ་འགྲོ་བཞིན་པ། ཡིག་སྐུར་ཞིག་འབྲི་བཞིན་ཡོད་ལྟ་བུ།
བཞིན་ (1)
Part of speech མིང་ཚིག
Definition མིའི་ངོ་གདོང་གི་མིང་སྟེ།
Example བུ་མོ་དེའི་བཞིན་རས་ཧ་ཅང་དཀར། བཞིན་གྱི་མདངས་རྒྱས་པ་ལྟ་བུ།